ཁྱོད་ལ་ཐུག་པའི་ཉི་མ་ནམ་ཞིག

ཙག་རླུང་དང་གྲང་ངར་ཆེ་བའི་དུས་ཚིགས་ཤིག་ལ
གྲོགས་དང་གནས་མལ་ལ་བྲལ་བའི་མཚན་ལྗོངས་ཤིག་ལ
སྙན་འཇེབས་ཀྱི་སྐད་ཆ་དང་དགོད་སྒྲའི་ཁྲོད་ན
གློ་བུར་དུ་ཝུ་ཆང་ལྟ་བུའི་ཁྱོད་ཀྱི་སྐད་ཆས
ངའི་དམར་ཆུང་གི་སེམས་པར་བཟི་རུ་བཅུག

འཁོར་བ་ཟེར་བའི་ཆུ་འགྲམ་ལ་མ་སོང་བའི་ང་རང
བརྩེ་དུང་ཟེར་བའི་དྲོད་ཁོལ་མ་མྱོང་བའི་ང་རང
རླུང་འཚུབ་ཀྱིས་བདས་པའི་ལོ་མ་བཞིན་ཁྱོད་རང་དྲན་དུས
ངའི་ཁྲ་ཆུང་མིག་གིས་ཁྱོད་ཕྱོགས་ལ་ཅེར་ནས་ཡོད
ངའི་ཡ་ཆུང་སེམས་པ་ཁྱོད་ཕྱོགས་ལ་འཁོར་ནས་ཡོད

ཕམ་ཁ་དང་སྡུག་བསྔལ་གྱིས་གཙེས་པའི་ང་རང
ཁེར་རྐྱང་དང་སུན་སྣང་གིས་མནར་བའི་ང་རང
མི་ཆོགས་ཀྱི་འུར་ཟིང་ཁྲོད་ན
མེ་ཏོག་ལྟ་བུའི་ཁྱོད་ཀྱི་ཞལ་རས་མཐོང་ཐེངས་རེར
ངས་བརྩེ་དུང་ཞེས་པའི་ཟློས་གར་འདི་འཁྲབ་ན་འདོད་གི
ངས་མཛེས་མ་ཞེས་པའི་སྙན་ངག་འདི་ལོངས་སྤྱོད་བྱེད་འདོད་མཆིས་གི

རི་དང་གཙང་བོ་ཡིས་བཅད་པའི་བར་ཐག་ན
ལེ་དབར་སྟོང་ཕྲག་གིས་མནར་བའི་ལམ་སྣེ་ན
བདེན་པ་དང་ཡིད་ཆེས་ཀྱི་ངང་ནས་ང་རངབསྒུག་དང
ངས་སུ་ལ་ཡང་སྟེར་མ་མྱོང་བའི་བརྩེ་བའི་མངར་ཁ
ངས་སུ་ལ་ཡང་བཤད་མ་མྱོང་བའི་སྐད་ཆའི་གསང་བ
ཁྱོད་ལ་ཐུག་པའི་ཉི་མ་ཞིག་ལ་སྒུག་ནས་ཡོད
         ༢༠༠༨.༥.༢ཉིན་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་ཐུག་པའི་ཉི་མ་ནམ་ཞིག

2009-01-09 མཛོད་མེ་འབར། ཀློག་གྲངས། མཆན ཡོད།

ཙག་རླུང་དང་གྲང་ངར་ཆེ་བའི་དུས་ཚིགས་ཤིག་ལ
གྲོགས་དང་གནས་མལ་ལ་བྲལ་བའི་མཚན་ལྗོངས་ཤིག་ལ
སྙན་འཇེབས་ཀྱི་སྐད་ཆ་དང་དགོད་སྒྲའི་ཁྲོད་ན
གློ་བུར་དུ་ཝུ་ཆང་ལྟ་བུའི་ཁྱོད་ཀྱི་སྐད་ཆས
ངའི་དམར་ཆུང་གི་སེམས་པར་བཟི་རུ་བཅུག

འཁོར་བ་ཟེར་བའི་ཆུ་འགྲམ་ལ་མ་སོང་བའི་ང་རང
བརྩེ་དུང་ཟེར་བའི་དྲོད་ཁོལ་མ་མྱོང་བའི་ང་རང
རླུང་འཚུབ་ཀྱིས་བདས་པའི་ལོ་མ་བཞིན་ཁྱོད་རང་དྲན་དུས
ངའི་ཁྲ་ཆུང་མིག་གིས་ཁྱོད་ཕྱོགས་ལ་ཅེར་ནས་ཡོད
ངའི་ཡ་ཆུང་སེམས་པ་ཁྱོད་ཕྱོགས་ལ་འཁོར་ནས་ཡོད

ཕམ་ཁ་དང་སྡུག་བསྔལ་གྱིས་གཙེས་པའི་ང་རང
ཁེར་རྐྱང་དང་སུན་སྣང་གིས་མནར་བའི་ང་རང
མི་ཆོགས་ཀྱི་འུར་ཟིང་ཁྲོད་ན
མེ་ཏོག་ལྟ་བུའི་ཁྱོད་ཀྱི་ཞལ་རས་མཐོང་ཐེངས་རེར
ངས་བརྩེ་དུང་ཞེས་པའི་ཟློས་གར་འདི་འཁྲབ་ན་འདོད་གི
ངས་མཛེས་མ་ཞེས་པའི་སྙན་ངག་འདི་ལོངས་སྤྱོད་བྱེད་འདོད་མཆིས་གི

རི་དང་གཙང་བོ་ཡིས་བཅད་པའི་བར་ཐག་ན
ལེ་དབར་སྟོང་ཕྲག་གིས་མནར་བའི་ལམ་སྣེ་ན
བདེན་པ་དང་ཡིད་ཆེས་ཀྱི་ངང་ནས་ང་རངབསྒུག་དང
ངས་སུ་ལ་ཡང་སྟེར་མ་མྱོང་བའི་བརྩེ་བའི་མངར་ཁ
ངས་སུ་ལ་ཡང་བཤད་མ་མྱོང་བའི་སྐད་ཆའི་གསང་བ
ཁྱོད་ལ་ཐུག་པའི་ཉི་མ་ཞིག་ལ་སྒུག་ནས་ཡོད
         ༢༠༠༨.༥.༢ཉིན་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།