ཤེས་བྱ་འཚོལ་བ།
བཞུད་སོང ཁ་རོག་གེར་བཞུད་སོང
གྲངས་མེད་ཅིག་ཁ་རོག་གེར་བཞུད་སོང
དེ་དག་གིས་རྒྱབ་ཏུ་ཁ་རོག་གེར་ངུ་བཞིན་པའི་ང
ཁ་རོག་གེར་ཡོང་བཞིན་ཡོད
རྡོ་བ་འགའ་འཕག་གིན་ཡོད
མུན་པ་རྣམས་ཡང་ཡོང་བཞིན་འདུག
ད་དུང་འཁྱགས་པ་དེ་ཚོས་ཀྱང་གླེང་གིན་གདའ
ཐང་ཆེན་པོ་རི་ཡི་ཕ་རོལ་རེད
རྒྱུ་རྐྱེན་དེའི་ནང་རོལ་ནས
ང་ལྷང་འཇགས་ངང་ཡོང་བཞིན་ཡོད
ཉམ་ཐག་ངང་རྒུད་གིན་ཡོད
ཚོར་སྣང་སྐྱིད་པོ་ཞིག་དང་མཁྲེང་ཞེན་སྟུག་པོ་ཞིག
རྨི་ལམ་རིང་མོ་རིང་མོ་ཞིག
ལམ་རྒྱགས་དེ་དང་བགྲོད་ལམ་དེའི་ཕ་རོལ་ནས
ཇ་ཆང་གིས་རང་ཉིད་བོར་བཞིན་ཡོད
རུལ་མྱག་དང་རྙིང་ཞེན་གྱི་རང་དབང་ཞིག
ནམ་ཡང་མེ་ཏོག་ལྟར་བཞད་ཆོག་གམ
ཞི་བདེ་ཡི་ཕ་རོལ
ལྷ་སྒྲུང་གིས་འཆད་ཀྱིན་ཡོད
གནའ་སྔ་མོ་གནའ་སྔ་མོ།
ངས་སྔས་ཆས་སུ་བརྒྱབ་མྱོང་པའི་ལྷ་སྒྲུང་རིང་མོ་ཞིག་ཨང
ཕྱི་ང་ཆགས་ཀྱི་ཡོད ནང་ང་འདྲ་གིན་མེད
ཞི་བདེ་ཡི་ནང་རོལ
ལྷ་སྒྲུང་གིས་བོར་བཞིན་ཡོད
ཤ་ཁྲག་གི་དྭངས་མ་དེ་ཚོའང་ཡལ་བཞིན་གདའ
དེ་ལྟར་བཞུད་སོང་པས་ས་སྐྱ་པ་དང་ཙོང་ཁ་པ
ད་དུང་གྲངས་མེད་པའི་མཁས་དབང་ཚོའང་ཁེར་རྐྱང་གིས་བཞུད་ཀྱིན་ཡོད
དེའི་ཕྱིར་མིག་ཆུ་ཡིས་མིག་མཆུ་གླེང་གིན་ཡོད
ཕྱོགས་བཞི་པོ་འདི་འགྲོ་སའི་སྒོ་ཆེན་ཡིན
གངས་དཀར་པོ་དེ་དགེ་པའི་ཡང་སྙིང་བྱས
ཐང་ཡངས་མོ་ཡང་སྔས་པའི་མལ་ཆས་ཡིན
ཁྱོད་ལ་བླ་ཡོད སྲོག་ཡོད ཚེ་ཡང་ལྡན་པས་ཡང་རྩེའོ
ཡིན་ཡང་ལྷང་འཇགས་ཀྱི་ཕ་མཐའ་དེ་ནས
ཁྱོད་ལྷང་འཇགས་ཀྱིས་བོར་བཞིན་འདུག
ས་སྲོད་ཀྱི་གྲིབ་མ་རིང་པོས་ང་བོར་བཞིན་ཡོད
དྭངས་གཙང་གི་སེམས་པའང་འཁྱགས་བཞིན་ཡོད
སྐྱ་རེངས་ཅིག་བཅགས་ནས་སོང
ཉི་མ་ཡང་ཁེར་རྐྱང་ངང་ཤར་བཞིན་ཡོད
ལམ་འགྲམ་གྱི་གཡས་གཡོན་ནས
ང་ཡོང་བཞིན་ཡོད
ཨུ་ཚུགས་ཀྱིས་ཡོང་བཞིན་ཡོད
སྨོན་པ་གྲངས་མེད་ཅིག་གི་ཀློང་ནས
ངའི་ཁྱོད་ལ་རེ་ཞིང་སྒུག
དུངས་སྣང་དང་ཞེན་སྣང་གི་ཁྲོད་དུ
ངས་ཡང་ཡང་ཁྱོད་རང་འབོད་བཞིན་ཡོད
འཆི་བདག་གི་ཕྱིར་དུ་ང་ཡང་ཡང་ངུ་བཞིན་ཡོད
ཡང་ཏོག་དེའི་ཆེད་དུ་ངས་ཡང་ཡང་བརྩོན་བཞིན་ཡོད
ལམ་འགྲམ་གྱི་ཤིང་སྡོང་དེ་ཚོ་ཡང་རྒ་བཞིན་འདུག
གཙང་ནང་གི་གསེར་ཉ་དེ་དག་ཡང་རྒ་བཞིན་ཡོད
རྩོམ་ཁུངས། ངེད་དྲ་བ།