ལོག་མལ་དེ་ལ།

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-06

རུ་གསུམ་རྩེ་ནས་ཡིག་འབྲུ་མང་བོའི་ཁ་བ་འབབ་དུས
གྲོང་ཁྱེར་གྱི་ཐོག་བརྩེགས་མང་བོའི་ཐོག་ཁང་གི་མཐོ་ས་ནས
དུ་བ་ནུར་བོ་ཞིག་སྒྱིད་ལུག་གིས་ཁ་ཕྱོགས་མེད་པར
བར་སྣང་ལ་འཁྱམ་ཉུལ་དུ་གཤར

མིག་རྩ་ཕུར་གྱིན་པའི་བུ་མོ་དེས
མལ་ཁྲི་ལས་ཡར་དགྱེ་སྟེ་སྐྲ་ལོ་འཕྲུག་ཙམ་བྱས་ཏེ
ཀླལ་རྒྱངས་ཡང་ཡང་བྱེད
རྭ་ནུ་ལ་འཐམ་གྱིན་པའི་ཁྱེའུ་དེའང
རྐང་ལག་རྐྱོང་སྐུམ་གྱིས་འཕག་ཙམ་འཕག་ཙམ་བྱེད

ཕལ་ཆེར་རྨི་ལམ་ནང་གི་རྟེའུ་དཀར་པོ་དེ་ཡང
མིག་ཆུ་ལས་འཛགས་པའི་སྡུག་བསྔལ་རིགས་གཅིག་གི་གདུག་རྩུབ་རེད
ཕལ་ཆེར་མགོ་ཐོག་གི་འོད་དཀར་པོ་དེ་ཡང
མཛུབ་རྩེ་ལས་བསྐོར་བའི་དུས་ཚོད་ཀྱི་འཁོར་ལོ་ཆེན་པོ་དེ་རེད

སྲབ་ལས་ཤོར་བའི་རྟ་མཆོག་དཀར་པོ་དེ
མུན་ནག་དང་དཀར་ངོགས་ཀྱི་མཚམས་ལས་བརྒལ་ཏེ
སྐྱ་རེངས་དང་གས་སྲུབས་ཀྱི་བར་ལས་ཤོར་དེ
ཚེར་མ་མང་བོའི་ཁ་ནང་དུ་མཆོངས་སོང

ཅི་ཞིག་རྙེད་འདོད་པའི་མིག་ཟུང་སྙིང་རྗེ་བོ་དེ
གང་ཞིག་བཙལ་བསམ་པའི་བྲང་གཞུང་འཁྱག་པ་དེས
ཨམ་ཕྲག་ཕྱིར་སྔོག་རྗེས་ཀྱི་ཚོར་སྣང་ཞིག་དང་བཅས་དེ
རང་དབང་མེད་པར་གྲང་ངར་ལ་མགོ་སྒུར

ཆུ་བོའི་བཞུར་སྐྱེན་དང་རླུང་གི་འགྲམ་ལྕག་ལས
ཁྱི་མོ་ཟིག་པའི་འབྲོག་ཐང་གི་ཁ་པར་ལས
ཀླུ་ཆུ་རྫོང་གི་ཞི་འཇགས་ལ་ལྕགས་སྨྱུག་དང
ཤོག་བུ་བརྡར་བའི་རྐང་བ་གཉིས་སྒྲ་དང་བཅས་ཏེ་འཇབ་སོང
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོག་མལ་དེ་ལ།

2009-01-06 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

རུ་གསུམ་རྩེ་ནས་ཡིག་འབྲུ་མང་བོའི་ཁ་བ་འབབ་དུས
གྲོང་ཁྱེར་གྱི་ཐོག་བརྩེགས་མང་བོའི་ཐོག་ཁང་གི་མཐོ་ས་ནས
དུ་བ་ནུར་བོ་ཞིག་སྒྱིད་ལུག་གིས་ཁ་ཕྱོགས་མེད་པར
བར་སྣང་ལ་འཁྱམ་ཉུལ་དུ་གཤར

མིག་རྩ་ཕུར་གྱིན་པའི་བུ་མོ་དེས
མལ་ཁྲི་ལས་ཡར་དགྱེ་སྟེ་སྐྲ་ལོ་འཕྲུག་ཙམ་བྱས་ཏེ
ཀླལ་རྒྱངས་ཡང་ཡང་བྱེད
རྭ་ནུ་ལ་འཐམ་གྱིན་པའི་ཁྱེའུ་དེའང
རྐང་ལག་རྐྱོང་སྐུམ་གྱིས་འཕག་ཙམ་འཕག་ཙམ་བྱེད

ཕལ་ཆེར་རྨི་ལམ་ནང་གི་རྟེའུ་དཀར་པོ་དེ་ཡང
མིག་ཆུ་ལས་འཛགས་པའི་སྡུག་བསྔལ་རིགས་གཅིག་གི་གདུག་རྩུབ་རེད
ཕལ་ཆེར་མགོ་ཐོག་གི་འོད་དཀར་པོ་དེ་ཡང
མཛུབ་རྩེ་ལས་བསྐོར་བའི་དུས་ཚོད་ཀྱི་འཁོར་ལོ་ཆེན་པོ་དེ་རེད

སྲབ་ལས་ཤོར་བའི་རྟ་མཆོག་དཀར་པོ་དེ
མུན་ནག་དང་དཀར་ངོགས་ཀྱི་མཚམས་ལས་བརྒལ་ཏེ
སྐྱ་རེངས་དང་གས་སྲུབས་ཀྱི་བར་ལས་ཤོར་དེ
ཚེར་མ་མང་བོའི་ཁ་ནང་དུ་མཆོངས་སོང

ཅི་ཞིག་རྙེད་འདོད་པའི་མིག་ཟུང་སྙིང་རྗེ་བོ་དེ
གང་ཞིག་བཙལ་བསམ་པའི་བྲང་གཞུང་འཁྱག་པ་དེས
ཨམ་ཕྲག་ཕྱིར་སྔོག་རྗེས་ཀྱི་ཚོར་སྣང་ཞིག་དང་བཅས་དེ
རང་དབང་མེད་པར་གྲང་ངར་ལ་མགོ་སྒུར

ཆུ་བོའི་བཞུར་སྐྱེན་དང་རླུང་གི་འགྲམ་ལྕག་ལས
ཁྱི་མོ་ཟིག་པའི་འབྲོག་ཐང་གི་ཁ་པར་ལས
ཀླུ་ཆུ་རྫོང་གི་ཞི་འཇགས་ལ་ལྕགས་སྨྱུག་དང
ཤོག་བུ་བརྡར་བའི་རྐང་བ་གཉིས་སྒྲ་དང་བཅས་ཏེ་འཇབ་སོང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།