དྲན་གཞིགས་དམར་པོ།
ཝུ་ཆང་གི་མངར་ཁར་བརྒྱུས་པའི
དྲན་གདུང་གི་སེམས་གཞས་དམར་པོ
དུང་མདོག་གི་ཝུ་བའི་རྩེ་ན
མེ་ལྟར་འབར
སྐྱོ་གདུང་གི་རླངས་སྣུམ་དྲག་པོ
འཁྱུག་ཙམ་གྱིས་ཝུ་བར་འཐིམ་ཚེ
དྲན་གཞིགས་ཀྱི་མེ་ལྕེ་རྒོད་པོ
ས་ཆེན་གྱི་པང་ནས་འཕྱུར་འོངས
ཉམ་ཆུང་གི་ཤེལ་དམ་མང་པོ
འཛར་གྱིན་པའི་མིག་ཆུའི་ཀློང་ན་འདར
འདར་བཞིན་པའི་སྙིང་གཏམ་རེ་རེ
འཕྱུར་ཟིན་པའི་ཝུ་བའི་གཏིང་ལ་འཐིམ
མཐོང་འདོད་པ་བརྩེ་དུང་གི་ཁ་དོག
འཐུང་མོས་པ་ཝུ་ཆང་གི་མངར་ཁ
༢༠༠༧ ༩ ༢༦ལན་གྲུ
རྩོམ་ཁུངས། ངེད་དྲ་བ།