གྱོང་གུན།

དཔང་མཁར་བ་བསོད་ཚེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-06

སྔ་དྲོ། རེ་བས་ཕྱུག་པའི་ལང་ཚོ་དེ།
དབང་ཕྱོགས་ལྷུན་པོའི་དབུ་ཁྱུད་ནས་གཟི་བརྗིད་ཀྱི་འཚེར་བཞིན།
དཀའ་སྡུག་དང་གེགས་བར་གྱི་སྤྲིན་རུམ་བརྟོལ་ནས།
ཆེས་མཐོ་བའི་གངས་རའི་བདེ་སྡུག་དང་འཁྱུད་ཀྱིན།
ཆེས་རིང་བའི་གངས་ཆུའི་ལོ་རྒྱུས་དང་འདྲེས།

ཉིན་གུང༌། བྱམས་སེམས་ཀྱི་སྐྱོང་མཁས་ཕྱག་ཟུང་གཉིས་ལས།
གཡའ་དག་པའི་ནམ་མཁའ་པང་ལ་ཉར་ཏེ།
གཟི་འོད་ཀྱི་ལང་ཚོ་འབར་གྱིན།
ལྷིང་འཇགས་ཀྱི་ལྷས་ར་དེའི་གྲུ་ཟུར་ནས།
ནོར་ལུག་གི་འབའ་སྐད་ཉན་ལ་བྲེལ།
པོ་ཏ་ལའི་རྡོ་སྐས་མདུན་ནས།
མེས་པོ་ཚོའི་ཞབས་རྗེས་འཚོལ་ལ་བྲེལ།
གཙུག་ལག་གི་རྡོ་རིང་མདུན་ནས།
མེས་པོའི་ལོ་རྒྱུས་བཀླགས་ལ་བྲེལ།

ཕྱི་དྲོ། ནུམ་རཱཧ་གསང་མདོ་ན་མྱུལ་ལ་ཉེ་དུས།
ཁ་དོག་མི་གཅིག་པའི་ཕུགས་འདུན་མང་པོ།
དགེ་སྡིག་གི་ལམ་ཟུར་ནས་བཀྲམ་དེ།
མང་པོ་མང་པོ་ཞིག་གི་བདེ་སྡུག་གླེང་གིན།
རྨི་ལམ་ལས་བོར་བའི་ཨ་མའི་འཛུམ་མདངས་རུམ་བཞིན།
བསམ་གཞིགས་གྲངས་མེད་ཀྱི་ཕ་མཐར་མྱུལ།

མཚན་མོ། མཐོ་སྒང་གི་མཁའ་ནས་འཚེར་བའི་སྐར་མ་འོད་ཆེན།
གཟའ་ཡི་གཤེད་མས་བསྒྲིབས་པས།
གངས་རའི་འོད་མདངས་ཉམས།
ལོ་རྒྱུས་ཀྱི་བཀླགས་རྒྱུན་ཆད།

དེ་ནས་བཟུང༌། ཐག་རིང་ཐག་རིང་གི་མཚམ་སྤྲིན་དམར་པོ།
གངས་རིའི་དབུ་འཁྱུད་ནས་འཐབ་ལ་བྲེལ་ཅིང༌།
བསམ་མི་ཤེས་པའི་དྭ་ཕྲུག་མང་པོ།
དྲན་འཆར་མང་པོ་སེམས་ལ་ཤར་ཡང༌།
གྱོང་གུན་གྱི་མིག་ཆུ་ཁོག་ཏུ་མིད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱོང་གུན།

2009-01-06 དཔང་མཁར་བ་བསོད་ཚེ། ཀློག་གྲངས། མཆན ཡོད།

སྔ་དྲོ། རེ་བས་ཕྱུག་པའི་ལང་ཚོ་དེ།
དབང་ཕྱོགས་ལྷུན་པོའི་དབུ་ཁྱུད་ནས་གཟི་བརྗིད་ཀྱི་འཚེར་བཞིན།
དཀའ་སྡུག་དང་གེགས་བར་གྱི་སྤྲིན་རུམ་བརྟོལ་ནས།
ཆེས་མཐོ་བའི་གངས་རའི་བདེ་སྡུག་དང་འཁྱུད་ཀྱིན།
ཆེས་རིང་བའི་གངས་ཆུའི་ལོ་རྒྱུས་དང་འདྲེས།

ཉིན་གུང༌། བྱམས་སེམས་ཀྱི་སྐྱོང་མཁས་ཕྱག་ཟུང་གཉིས་ལས།
གཡའ་དག་པའི་ནམ་མཁའ་པང་ལ་ཉར་ཏེ།
གཟི་འོད་ཀྱི་ལང་ཚོ་འབར་གྱིན།
ལྷིང་འཇགས་ཀྱི་ལྷས་ར་དེའི་གྲུ་ཟུར་ནས།
ནོར་ལུག་གི་འབའ་སྐད་ཉན་ལ་བྲེལ།
པོ་ཏ་ལའི་རྡོ་སྐས་མདུན་ནས།
མེས་པོ་ཚོའི་ཞབས་རྗེས་འཚོལ་ལ་བྲེལ།
གཙུག་ལག་གི་རྡོ་རིང་མདུན་ནས།
མེས་པོའི་ལོ་རྒྱུས་བཀླགས་ལ་བྲེལ།

ཕྱི་དྲོ། ནུམ་རཱཧ་གསང་མདོ་ན་མྱུལ་ལ་ཉེ་དུས།
ཁ་དོག་མི་གཅིག་པའི་ཕུགས་འདུན་མང་པོ།
དགེ་སྡིག་གི་ལམ་ཟུར་ནས་བཀྲམ་དེ།
མང་པོ་མང་པོ་ཞིག་གི་བདེ་སྡུག་གླེང་གིན།
རྨི་ལམ་ལས་བོར་བའི་ཨ་མའི་འཛུམ་མདངས་རུམ་བཞིན།
བསམ་གཞིགས་གྲངས་མེད་ཀྱི་ཕ་མཐར་མྱུལ།

མཚན་མོ། མཐོ་སྒང་གི་མཁའ་ནས་འཚེར་བའི་སྐར་མ་འོད་ཆེན།
གཟའ་ཡི་གཤེད་མས་བསྒྲིབས་པས།
གངས་རའི་འོད་མདངས་ཉམས།
ལོ་རྒྱུས་ཀྱི་བཀླགས་རྒྱུན་ཆད།

དེ་ནས་བཟུང༌། ཐག་རིང་ཐག་རིང་གི་མཚམ་སྤྲིན་དམར་པོ།
གངས་རིའི་དབུ་འཁྱུད་ནས་འཐབ་ལ་བྲེལ་ཅིང༌།
བསམ་མི་ཤེས་པའི་དྭ་ཕྲུག་མང་པོ།
དྲན་འཆར་མང་པོ་སེམས་ལ་ཤར་ཡང༌།
གྱོང་གུན་གྱི་མིག་ཆུ་ཁོག་ཏུ་མིད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།