ཁྱོད་ཁོ་ན།

ཁུ་སིམ་མེར་འཇབ་འོངས་པའི་དྲན་པ་འདི་དང
མག་མོག་གི་ཟླ་འོད་འདི་རུམ་ནས
ལོ་ཟླ་མང་པོ་ཞིག་ལ་གྱེས་ཕྱག་ཕུལ་ཟིན་ཡང
སྦྲང་རྩི་ལས་མངར་བའི་བརྩེ་བ་འདིའི་དབང་གིས
ཁྱེད་ཉིད ཁ་རོག་གེར་བརྗེད་མི་ཐུབ་གི
ཁུ་སིམ་མེར་བོར་མི་སྲིད་གི

གཉིད་མི་ཁུགས་པའི་མཚན་མོ་རེ་རེར
མལ་ཁང་གི་ལ་སྒྲོན་དམར་པོའི་འོད་སྣང་ཀྱི་ངོགས་སུ
ཆང་དམ་མང་པོ་ཞིག་གི་ངོ་གདོང་ཀློག་གིན
ཐ་མག་རྐང་རེ་རེ
ཧམ་སེམས་ཀྱིས་འཇུབ་ཞིང་རྔུབ་པའི་གོ་རིམ་དག་ནི
ངས་ཁྱོད་བསམ་ནས ང་ལམ་ལ་ཆས་ཚུལ་ཡིན

པད་མ་འཚོ
རྡོ་བ་ལས་འཁྱགས་པའི་ཁོར་ཡུག་གི་མི་ཚོགས་ཀློང་ནས
རུལ་དྲི་ཐུལ་བའི་གཉེན་ཉེ་ཚོའི་སྨྲ་བརྗོད་བར་ནས
ཁྱོད་ཀྱི་བརྩེ་བ་ཤིང་སྡོང་ལྟར་མ་འགྱེལ་ན
ནམ་མཁའ་འདིའི་ཤོང་ཚད་ཅིག
ཁྱོད་ལ་སྟེར་ན་འདོད
ས་གཞི་འདིས་ཐག་ཚད་ཅིག
ཁྱོད་ལ་བསྐྲུན་ཀྱང་ངེས
                 2008 3 31རྐང་ཚའི་འབྲོག་སྡེ་ཞིག་དུ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཁོ་ན།

2009-01-06 སྨན་ཚང་ཐོ་རེངས། ཀློག་གྲངས། མཆན ཡོད།

ཁུ་སིམ་མེར་འཇབ་འོངས་པའི་དྲན་པ་འདི་དང
མག་མོག་གི་ཟླ་འོད་འདི་རུམ་ནས
ལོ་ཟླ་མང་པོ་ཞིག་ལ་གྱེས་ཕྱག་ཕུལ་ཟིན་ཡང
སྦྲང་རྩི་ལས་མངར་བའི་བརྩེ་བ་འདིའི་དབང་གིས
ཁྱེད་ཉིད ཁ་རོག་གེར་བརྗེད་མི་ཐུབ་གི
ཁུ་སིམ་མེར་བོར་མི་སྲིད་གི

གཉིད་མི་ཁུགས་པའི་མཚན་མོ་རེ་རེར
མལ་ཁང་གི་ལ་སྒྲོན་དམར་པོའི་འོད་སྣང་ཀྱི་ངོགས་སུ
ཆང་དམ་མང་པོ་ཞིག་གི་ངོ་གདོང་ཀློག་གིན
ཐ་མག་རྐང་རེ་རེ
ཧམ་སེམས་ཀྱིས་འཇུབ་ཞིང་རྔུབ་པའི་གོ་རིམ་དག་ནི
ངས་ཁྱོད་བསམ་ནས ང་ལམ་ལ་ཆས་ཚུལ་ཡིན

པད་མ་འཚོ
རྡོ་བ་ལས་འཁྱགས་པའི་ཁོར་ཡུག་གི་མི་ཚོགས་ཀློང་ནས
རུལ་དྲི་ཐུལ་བའི་གཉེན་ཉེ་ཚོའི་སྨྲ་བརྗོད་བར་ནས
ཁྱོད་ཀྱི་བརྩེ་བ་ཤིང་སྡོང་ལྟར་མ་འགྱེལ་ན
ནམ་མཁའ་འདིའི་ཤོང་ཚད་ཅིག
ཁྱོད་ལ་སྟེར་ན་འདོད
ས་གཞི་འདིས་ཐག་ཚད་ཅིག
ཁྱོད་ལ་བསྐྲུན་ཀྱང་ངེས
                 2008 3 31རྐང་ཚའི་འབྲོག་སྡེ་ཞིག་དུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།