གནམ་གྱི་མཐའ་དང་ས་ཡི་སྟེང་ན།
ལས་དབང་གི་དར་ཐག་དེའི་སྣེ་ན
སྒྲོལ་མ་ལྟ་བུའི་མཛེས་མ་ཞིག་མི་འདུག
ཁོ་མོ་འགྲོ་ཁར་འཛུབ་དཀྲིས་བསྐྱུར་སོང་མོད
སྒྲོལ་མ་དྲན་སྟངས་དེ་དྲན་ཚུལ་གཞན་ཞིག
ལོ་ཟླ་འཁྱག་སིབ་སིབ་ སེམས་པ་འཁྱག་སིབ་སིབ
སྒྲོལ་མ་དྲན་ཚུལ་དེ་དམར་པོ་མེ་དྲན་པ་ཡིན
སྒྲོལ་མ་ལྟ་བུའི་མཛེས་མ་ཞིག་མི་འདུག
ཁོ་མོ་འགྲོ་ཁར་འཛུབ་དཀྲིས་བསྐྱུར་སོང་མོད
སྒྲོལ་མ་དྲན་སྟངས་དེ་དྲན་ཚུལ་གཞན་ཞིག
ལོ་ཟླ་འཁྱག་སིབ་སིབ་ སེམས་པ་འཁྱག་སིབ་སིབ
སྒྲོལ་མ་དྲན་ཚུལ་དེ་དམར་པོ་མེ་དྲན་པ་ཡིན
སྒོ་མོ་དང་སྒེའུ་ཁུང་གཏད་ཀྱང
སྒྲོལ་མ་མི་ཁོག
མི་ཁོག་པའི་དབང་གིས་སྒྲོལ་མ་ཡོང་སྟངས་ཀྱང་གཞན་ཞིག
སྒྲོལ་མ་དགོད་བཞིན་ཐོན་ན ཁོ་བོའི་ཁང་ཆུང་གི་ཉི་མ་ཡིན་ལ
སྒྲོལ་མ་ངུ་བཞིན་སླེབས་ན ཁོ་བའི་ཡ་ཆུང་གི་སྨུག་པ་ཡིན
སྒྲོལ་མ་མི་ཁོག
མི་ཁོག་པའི་དབང་གིས་སྒྲོལ་མ་ཡོང་སྟངས་ཀྱང་གཞན་ཞིག
སྒྲོལ་མ་དགོད་བཞིན་ཐོན་ན ཁོ་བོའི་ཁང་ཆུང་གི་ཉི་མ་ཡིན་ལ
སྒྲོལ་མ་ངུ་བཞིན་སླེབས་ན ཁོ་བའི་ཡ་ཆུང་གི་སྨུག་པ་ཡིན
གཏན་བདེའི་ཕ་རོལ་གྱི་སྣང་བ་འདི་མུན་པ་ཞིག་གིས་ཚོད་ཀྱིས་སླེབས་ནའང
ང་དང་སྒྲོལ་མའི་བར་ན་སྨིག་སྤྲིན་ལྟ་བུའི་རློན་ཤ་ཞིག་ངང་གིས་འཁོར་ཡོད
ང་དང་སྒྲོལ་མའི་བར་ན་སྨིག་སྤྲིན་ལྟ་བུའི་རློན་ཤ་ཞིག་ངང་གིས་འཁོར་ཡོད
མཚན་མོར་ཟླ་བ་བཟི་སྣང་གིས་གཉིད་དུས
ང་དང་སྒྲོལ་མ་གཉིས་ཀ
ཕ་མའི་ཨུ་ཚུགས་ཀྱི་ལྕགས་སྒྲོག་གིས་མ་ཐུབ་པར
དུང་ཤ་ཞིག་གི་ཧྲག་བར་ནས
སྙིང་ཆུང་གཉིས་ཀྱི་འཕར་ལྡིང་ལ་མཉན་བཞིན་ཡོད
ང་དང་སྒྲོལ་མ་གཉིས་ཀ
ཕ་མའི་ཨུ་ཚུགས་ཀྱི་ལྕགས་སྒྲོག་གིས་མ་ཐུབ་པར
དུང་ཤ་ཞིག་གི་ཧྲག་བར་ནས
སྙིང་ཆུང་གཉིས་ཀྱི་འཕར་ལྡིང་ལ་མཉན་བཞིན་ཡོད
ཉི་མ་དེ་རིང་ནས་བཟུང
གནམ་གྱི་མཐའ་དང་ས་ཡི་ཐོག་ན་
སྐད་ཆེན་པོས་ངུ་བཞིན་པ་སྒྲོལ་མ་དང་ངེད་གཉིས་ཡིན་ལ
ཤུགས་ཆེན་པོས་དགོད་བཞིན་པ་ཡང་སྒྲོལ་མ་དང་ངེད་གཉིས་ཡིན་
མདོར་བསྡུས་ན་ཇི་སྲིད་དུ
ནམ་ཡང་ས་མཚམས་མེད་པར་ལྷོག་ལྷོག་ཏུ་ལྡིང་བཞིན་པ་ནི་སྒྲོལ་མ་དང་ངེད་གཉིས་ཡིན
སྐད་ཆེན་པོས་ངུ་བཞིན་པ་སྒྲོལ་མ་དང་ངེད་གཉིས་ཡིན་ལ
ཤུགས་ཆེན་པོས་དགོད་བཞིན་པ་ཡང་སྒྲོལ་མ་དང་ངེད་གཉིས་ཡིན་
མདོར་བསྡུས་ན་ཇི་སྲིད་དུ
ནམ་ཡང་ས་མཚམས་མེད་པར་ལྷོག་ལྷོག་ཏུ་ལྡིང་བཞིན་པ་ནི་སྒྲོལ་མ་དང་ངེད་གཉིས་ཡིན
༢༠༠༨།༨།༢༠
རྩོམ་ཁུངས། ངེད་དྲ་བ།