ངའི་སྨྱུག་མིང་གི་རྐུན་མའི་ཚོགས་ལ།

བལྟས་བལྟས་ལ་སུ་ཞིག་གིས་མི་ཤེས་པར་

འཇབ་བུས་འོངས་ནས་སྐེ་འདི་གཅོད་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་གུ་ཡངས་ཤིག་ཨེ་སྟེར་

བོད་ཁ་བ་གངས་ཅན་ལགས་

ཁ་བ་ནི་ཀུན་ལ་དབང་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

ཚོད་ཚོད་ལ་སུ་ཞིག་གིས་མ་ཚོར་བར་

འཛུམ་ཞིང་འོངས་ནས་རྟིང་རྩ་འདི་གཅོད་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་དགོངས་པ་ཞིག་ཨེ་འཁྲོལ་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་འཚོ་ས་ཁ་བ་ཡིན་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

ལོང་བའི་མིག་ཤེལ་ཁྲ་ཁྲ་ཞིག་གྱོན་ནས

ཁ་ནང་གི་ལྕེ་ཡི་རལ་གྲི་ཐོགས་ནས་སྙིང་ཁ་འབུགས་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་ཐར་ས་ཤིག་ཨེ་སྤྲོད་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་ཐམས་ཅད་ཁ་བ་ལ་དགའ་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

རང་གཞན་ཀུན་མགོ་བོ་གཡེང་བའི་དུས་

ཤན་པ་ཞིག་འོངས་ནས་མཐོང་བྱེད་མིག་གཉིས་འདོན་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་བགྲོད་ལམ་ཞིག་ཨེ་བྱིན་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་གི་སེམས་པ་ཁ་བ་ཡིན་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

དེང་སྐབས་ཁོ་བོས་ལོ་མང་སྔོན་རོལ་ནས་སྤྱད་ཟིན་པའི་སྨྱུག་མིང་དེ་མི་གཅིག་མིན་གཉིས་མིན་གྱིས་མ་ཤེས་པར་གང་བྱུང་དུ་སྤྱད་པར་བརྟེན།  དེ་ཚོར་གོ་བ་ཡོད་ན་ལེགས་བཤད་ཀྱི་ཚུལ་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་ལ།

2009-01-05 ཁ་བ་དཀར་བོ། ཀློག་གྲངས། མཆན ཡོད།

བལྟས་བལྟས་ལ་སུ་ཞིག་གིས་མི་ཤེས་པར་

འཇབ་བུས་འོངས་ནས་སྐེ་འདི་གཅོད་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་གུ་ཡངས་ཤིག་ཨེ་སྟེར་

བོད་ཁ་བ་གངས་ཅན་ལགས་

ཁ་བ་ནི་ཀུན་ལ་དབང་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

ཚོད་ཚོད་ལ་སུ་ཞིག་གིས་མ་ཚོར་བར་

འཛུམ་ཞིང་འོངས་ནས་རྟིང་རྩ་འདི་གཅོད་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་དགོངས་པ་ཞིག་ཨེ་འཁྲོལ་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་འཚོ་ས་ཁ་བ་ཡིན་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

ལོང་བའི་མིག་ཤེལ་ཁྲ་ཁྲ་ཞིག་གྱོན་ནས

ཁ་ནང་གི་ལྕེ་ཡི་རལ་གྲི་ཐོགས་ནས་སྙིང་ཁ་འབུགས་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་ཐར་ས་ཤིག་ཨེ་སྤྲོད་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་ཐམས་ཅད་ཁ་བ་ལ་དགའ་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

རང་གཞན་ཀུན་མགོ་བོ་གཡེང་བའི་དུས་

ཤན་པ་ཞིག་འོངས་ནས་མཐོང་བྱེད་མིག་གཉིས་འདོན་གྲབས་བྱས་

ངའི་སྨྱུག་མིང་གི་རྐུན་མའི་ཚོགས་   ང་ལ་བགྲོད་ལམ་ཞིག་ཨེ་བྱིན་

བོད་ཁ་བ་གངས་ཅན་ལགས་

ཁྱོད་ཅག་གི་སེམས་པ་ཁ་བ་ཡིན་ཡང་  ངའི་སྨྱུག་མིང་ནི་ང་ལ་དབང་

དེང་སྐབས་ཁོ་བོས་ལོ་མང་སྔོན་རོལ་ནས་སྤྱད་ཟིན་པའི་སྨྱུག་མིང་དེ་མི་གཅིག་མིན་གཉིས་མིན་གྱིས་མ་ཤེས་པར་གང་བྱུང་དུ་སྤྱད་པར་བརྟེན།  དེ་ཚོར་གོ་བ་ཡོད་ན་ལེགས་བཤད་ཀྱི་ཚུལ་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།