ཨ་མའི་བྲོ་ཁུག

བྲོ་ཁུག  ཞིང་གྲོང་ནས་བསྐུར་འོངས་བའི་ཨ་མའི་བྲོ་ཁུག
དབུལ་བོའི་ཁྱིམ་ནས་མི་འཛོམས་དགུ་འཛོམས་གྱིས་བསྐུར་འོངས་བའི་བྲོ་ཁུག
ཨ་མའི་ཆེ་ཆེར་རྒས་པའི་ངོ་གདོང་དང་སོར་མོ་ཟུང་གི་རྣག་ཁྲག་ཁྱེར་འོངས་བའི་བྲོ་ཁུག
བདག་གི་སྙིང་འདི་སླར་ཡང་ཚལ་བ་ཚལ་བར་གས་སོང༌།
མིག་ཆུ་འཕྱོ་བཞིནངུ་ངག་ཤོར་བཞིན་དུ།
བྲོ་ཁུགཞིང་གྲོང་ནས་བསྐུར་འོངས་བའི་ཨ་མའི་བྲོ་ཁུག
རྒྱུན་པར་ཁྱེད་ཉིད་དམ་པོར་བཅིངས་དུས་གྲོལ་འདུད་ཁོ་ན་བྱེད་པ་འདི་ཡང༌།
ཨ་མས་བདག་ལ་ཞར་བྱུང་དུ་བསླབས་པའི་ཤེས་བྱ་ཆེན་པོ་ཞིག་སྟེ།
གྲོལ་འདུད་བྱས་ན་རང་ཉིད་ཀྱིས་གྲོལ་ཁར་ཧ་ཅང་སྟབས་བདེ་ཡིན་ཟེར།

ཨ་མའི་ཡ་ཆུང་སྟོད་ལ་ཤོར་ཚེ་ཁྱེད་ཉིད་སྟོད་ལ་བསྐུར་འགྲོ་ཞིང༌།
ཨ་མའི་གདུང་གཟིར་སྨད་ན་ཡོད་ཚེ་ཁྱེད་རང་སྨད་དུ་ཐོན་འོངས།

ཨ་མས་ལག་ལེན་མང་དུ་བྱས་པའི་བྲོ་ཁུག
ཁྱེད་ཀྱི་ནང་རོལ་དུ་སྦས་བའི་ཁུ་ཤ་དུམ་བ་དེ་དང་མར་ཕྱུར་དེ་དག་གིས།
རྒྱ་གྲོང་དུ་འཚོ་བའི་བདག་གི་མིང་སྲིང་ཚོ་ལའང༌།
གྲོང་ཁྱེར་གྱི་སྔོ་ཚོད་དང་འབྲས་དཀར་ལས་ལྷག་པའི་བག་ཆགས་བཞག་ཡོད།

ད་ནི་ཁྱེད་ཀྱང་སྟོང་བར་འགྲོ་སྲོལ་ག་ལ་ཡོད་དེ།
ཨ་མས་ཀྱང་སེམས་པ་འཚབ་འཚུབ་ཀྱིས་ཁྱེད་ལ་བསྒུགས་ཡོད་པས།
ངས་ཁྱེད་ལ་ལེགས་སྐྱེས་གྱ་ནོམ་པ་མང་བོ་ཞིག་བསྐུར།
ཨ་མ་ལགས།བྲོ་ཁུག་བུ་ཆུང་ལ་འབྱོར་ཡོད།
ཧ་ཅང་ཞིམ་པོ་འདུག་སྟེ།མིག་ཆུ་རེ་ཡང་ངང་གིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་བྲོ་ཁུག

2009-01-04 སེང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།