མཚན་མོ་སླེབས་བྱུང་།
ས་རུབ་ལ་ཉེ
ཡང་བསྐྱར་ས་རུབ་ལ་ཉེ
མུན་ནག་ལ་སྐྲག་པའི་ང་ཚོས
ཉིན་མོ་ཞིག་དོན་མེད་དུ་བསྐྱལ་ནས
མཚན་མོ་ཞིག་ངང་གིས་བསུ་འོང
གོ་སྐབས་དང་རེ་བ་མདུན་སར་སླེབས་དུས
ཤ་ཚ་བའི་ངག་བཅོལ་མང་པོས་ང་ཚོ་བསླུས་སོང
དུས་ནམ་ཡང་རྨ་ཁ་ཐལ་བསུབ་དང་
སྡུག་མགོ་ལྷན་པས་གཡོགས་ནས
རང་སྡུག་རང་གིས་ཉོས་སོང
རྩོམ་ཁུངས། ངེད་དྲ་བ།