མུན་པའི་ཁྲོད་ཀྱི་མིག་ཟུང་།

ཤ་སྐྱིས་མ་བཏུམ་པའི་མིག་རྡོ་ཆ་མ་དེ
འུར་རྡོ་འཕངས་བའི་ཤུགས་ལས་ཆེ
བྱ་གླག་འཕུར་བའི་ཚད་ལས་མྱུར
དེ་ལས རང་དབང་དང་གཤིས་ཀ་ཞིག་རྟག་པར་མངོན་ཡོང

འོད་ཀྱི་ཀློང་དུ མིག་རྡོ་ཆ་མ་དེ
གནམ་འོག་གི་ཟིལ་ཤུགས་ཆེས་ཆེ་བ་རེད
ནམ་མཁའ་དང་ས་གཞིའི་ཁྱོན་ལ་ཡང་ཡང་ཞབས་ཀྱིས་བཅགས་ཤིང་
མེ་ཏོག་དང་འོ་མའི་གསེང་ནས་རལ་གྲི་ཞིག་རྣོན་པོར་བརྡར་བྱུང
ཁྲག་དམར་འཛར་འཛར་གྱི་ཀློང་ནས
ལྡེམ་མྱུར་གྱི་བྲོ་གར་མཚམས་མ་ཆད་པར་འཁྲབ
མིག་རྡོ་འདི་དག་གིས རྒྱུན་དུ་ཕྱི་རོལ་གྱི་མཛེས་སྡུག་རྔམ་འཐུང་བྱས་རྐྱེན
རི་བོའི་ཚོགས་ཀྱིས་སྔ་མོ་ནས་རང་ཉིད་བརྡར་ནས་འབིག་ཏུ་བསྒྱུར་ཟིན

མིག་རྡོ་ཆ་མ་ཞིག་གིས་དྲུད་ནས་འགྲོ་བའི་སྲོག་ཆགས་འདི་ཚོ
དར་ལྕོག་དང་རླུང་རྟའི་ངོས་སུ་ཕབ་པའི་གཟུགས་རིས་འདྲ
ཁོ་ཚོས་རང་ཉིད་ཀྱི་ཡ་ཐོད་ན
མཆེ་བ་མེད་པའི་སྡིག་སྲིན་ཆ་གཅིག
གདུག་རྩུབ་ཀྱིས་འགུལ་བཞིན་པ གཏན་ནས་མ་ཚོར
འོད་ཀྱི་ངོགས་སུ མིག་རྡོ་འདི་དག་གནམ་སའི་བར་ན་མེ་རུ་འབར་བཞིནཡོད་ཨང
མུན་པ་ནི་དགོས་དབང་གིས་བབས་པའི་ཁ་བ་འདྲ
ཁུ་སིམ་མེར་ས་གཞི་དང་མིག་གི་ཕྱི་ནང་ཧྲིལ་བོར་འཐིབས་པས
འཕྱུར་བཞིན་པའི་མེ་རི་མང་པོ་ཞིག་གློ་བུར་གློ་བུར་འཇགས་སོང
མུན་པའི་དཀྱིལ་སྙིང་དུ
མིག་རྡོ་ཆ་མ་དེས རང་ཉིད་ལ་བསྡུ་གསོག་ལེགས་པོ་ཞིག་བརྒྱབ་རྗེས
ཁྲག་དམར་འཛར་འཛར་གྱི་རལ་གྲི་ཤུབས་སུ་བཅུག་སྟེ་ངལ་གསོ་བརྒྱབ
ཚག་ཚག་འབར་བཞིན་པའི་མེ་ལྕེའི་ཚོགས་བཅིལ་ནས་ངལ་གསོ་བརྒྱབ
དེ་ནི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་རེད
དེ་ནི་ཆེས་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་རེད

མུན་པའི་ཁྲོད་ཀྱི་མིག་ཟུང་ནི་
ཆེས་ཡི་གར་འོངས་པ་སྟེ
མཚོན་ཆའི་ཚོགས་ལ་རྡོག་བརྫིས་ཡང་ཡང་གཏོང་བཞིན་འགྲོ
གསེར་གྱི་མེ་ཏོག་དང་རི་བོ་ལ་སྐོར་བ་ཡང་ཡང་བརྒྱབ་ནས་འགྲོ
མུན་པས མིག་ཟུང་ལ་གནས་ལུགས་ཤིག་འཆད་ཀྱིན་གདའ
མུན་པས མིག་ཟུང་ལ་དྲོད་འཁོལ་ཞིག་སྩོལ་བཞིན་གདའ

མུན་པའི་ཁྲོད་ན མིག་རྡོ་ཆ་མ་དེ་ཤ་སྐྱི་ལེབ་མོ་ཞིག་གིས་ཡོངས་སུ་བཏུམ་ཚར
ཤ་སྐྱིའི་ཕག་ན མིག་རྡོ་ཆ་མ་དེས་བདེ་བའི་ཡང་སྙིང་ལ་རོལ་བཞིན་མཆིས
                                                                         2006.11.10

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པའི་ཁྲོད་ཀྱི་མིག་ཟུང་།

2008-12-31 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།