སྐར་མ་དྲུག་ཅུ་ཁྲི་ལོར་ཤོག
སློབ་གྲྭའི་སྐས་རིམ་མང་པོ་ཞིག་འཛེགས་མྱོང་ན་ཡང
བདག་གིས་སྔར་བཞིན་ཁ་གཡང་འདིའི་གོ་དོན་མ་རྟོགས
ད་ལྟ་ང་རང་རིམ་པ་ཅུང་མཐོ་བའི་སློབ་ཆེན་དུ་ཡོད
ཏག་ཏག་མི་ལོ་གཅིག་གི་འཚོ་བ་འདིའི་བར་ཀློང་ནས
ད་བཟོད སྐར་མ་དྲུག་ཅུའི་ནུས་པ་མཐོང་སོང
ཁྲི་ལོར་འོངས་དགོས་པའི་རྒྱུ་རྐྱེན་ཡང་ཤེས་སོང
སྐར་མ་དྲུག་ཅུའི་བཙུར་གནོན་གྱི་རྒྱུ་རྐྱེན་དེས
ངས་རང་ཉིད་བྱིས་དུས་ཀྱི་རྨི་ལམ་ཀློང་ལ་འཁྲིད་འདོད
ངས་རང་ཉིད་སློབ་དཔོན་གྱི་བརྩེ་བའི་ཁྲོད་ལ་འཇུག་འདོད
སློབ་ཆེན་དུ་གོམ་པ་སྤོ་རྒྱུ་ནི་ཅི་འདྲའི་དཀའ་ན་ཡང
སློབ་ཆེན་དུ་གོམ་པ་སྤོས་པ་ནས་བཟུང
ང་ཚོས་ནམ་ཡང་གཟབ་དགོས་པ་ནི་སྐར་མ་དྲུག་ཅུའི་གོ་གནས་ཡིན
ང་ཚོ་ནམ་ཡང་ཕྱོགས་མྱོང་བ་ཡང་སྐར་མ་དྲུག་ཅུའི་ཚེ་སྲོག་ཡིན
དྲུག་ཅུ་མང་པོ་ཞིག་གསོག་ཐུབ་ཚེ
དྲུག་ཅུ་འདིས་ཁྱོད་ལ་ཐོབ་ཐང་ཞིག་གི་ཐམ་ཀ་སྟེར་ངེས
སྐར་མ་དྲུག་ཅུ ནམ་ཡང་ཁྲི་ལོར་ཤོག
༢༠༠༧ ༩བར་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།