ཕྱི་པགས་བཤུས་པ།
ཚོན་གྱིས་སྨིན་མ་ཞིག་བྲིས་རྗེས
ངོ་གདོང་གི་འོད་མདངས་སྐག་གི་ཁེབས་པས
ཀུ་ཤུ་འདི་སྡེར་ཁ་ན་མཛེས་སྡུག་ལྡན
མགྲོན་པོ་འདི་སྐོམ་གདུང་གི་མནར་བས
གྲི་ཆུང་ཞིག་ལག་ལ་ཐོགས་ནས
དམར་མདངས་རྒྱས་པ་དེ་གཞོག་པ་ན
ནང་སྙིང་ནི་སྲིན་འབུའི་འཇིག་རྟེན་ཞིག་སྟེ
ཟ་འདོད་པའི་རྔམ་ཧེབ་ཡང་ཡལ
ལག་པ་ནི་རླུང་གཡུག་གཡུག
གྲི་ནི་དུང་གྲག་གྲག
སྒོ་དང་སྒེའུ་ཁུང་ན་འཚང་ཁ་རྒྱག་ཀྱང
གཅེར་བུ་ཡིན་པའི་བུད་མེད་ཅིག་གང་ན་འདུག
བདག་ནི་ཁྱོད་ལ་འཐབ་པར་སུན་སྣང་སྐྱེ
༢༠༠༨ ༤ ༦ཉིན།
རྩོམ་ཁུངས། ངེད་དྲ་བ།