སྒེའུ་ཁུང་ནང་གི་མི།
སྒེའུ་ཁུང་ནང་གི་མི
ནམ་རྒྱུན་གཅིག་འཆི་ཚུལ་དང་གཅིག་སངས་རྒྱས་ཚུལ་གླེང་ནས
ལོ་ཟླ་དང་དུས་ཚོད་ཀྱི་གཡང་ཟུར་ནས་དོན་མེད་དུ་ལྷུང་འགྲོ་བར་སྐྲག་ཀི
སྒེའུ་ཁུང་གི་ཕ་རོལ
མཐའ་ཡས་པའི་མི་ཡུལ་གྱི་དམྱལ་ཁམས་རེད
ཁ་ཅིག་དེ་ལས་རོ་ལངས་བརྒྱབ་ཏེ
དུས་ཚོད་དང་འབྱུང་འགྱུར་ལ་ཤི་འཐབ་རོ་འཐབ་བྱས་ཚེ
གཏོར་བཤིག་དང་ལྟ་ལོག་པ་ཞེས་བསམ་བློའི་གཡུལ་ས་ནས་རྒྱང་ཕུད་བྱས་སོང
མིག་ཟུང་བྲག་ལ་གཏད་པའི་སྒེའུ་ཁུང་འདི་ཆུང་དྲགས་པས
བློ་ཕུགས་ཁྱིམ་ལ་འཁོར་པའི་བསམ་བློ་འདི་རྙིང་དྲགས་པས
རིན་ཆེན་གཏེར་ཁ་སྣ་ཚོགས་བླངས་ནས་བུད་ཐལ
སྔོ་མོ་སྤང་གི་བྲང་གཞུང་གཤགས་ནས་ཚར་ཐལ
འོན་ཀྱང ངའི་ཁོར་ཡུག་ན་ཁ་བརྡ་དང་ཁ་པར་ལམ་ནས་ལ་རྒྱ་བཤད་མཁན་ཏག་ཏག
རྩོམ་ཁུངས། ངེད་དྲ་བ།