གང་ལྟར་འགྱུར་སོང་།

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

མཛུབ་བར་ལ་བཙིར་བའི་ཤིག་རྒན་ལྟོ་རྐྱལ་དེ་གང་ལྟར་འགྱུར་སོང༌།
མཚན་གུང་ལ་ཟུག་པའི་ཁྱི་མོ་རྒྱ་རྒྱ་དེ་གང་ལྟར་འགྱུར་སོང༌།

མེ་ལོང་ལས་རྙེད་པའི་ངོ་གདོང་འཁྱག་པ་དེ་གང་ལྟར་འགྱུར་སོང༌།
ཕོར་ཁ་ནས་འདྲེས་པའི་གཟུགས་བརྙན་སྡུག་པོ་དེ་གང་ལྟར་འགྱུར་སོང༌།

སྦགས་བཙོག་མ་ཐེབས་པའི་བྱིས་བློ་དྭངས་མ་དེ་གང་ལྟར་འགྱུར་སོང༌།
ནག་ནོག་གི་གྲིབ་མས་མ་ལྷད་པའི་དར་ཆ་དཀར་པོ་དེ་གང་ལྟར་འགྱུར་སོང༌།

དྲན་པའི་ངོས་སུ་བརྐོས་པའི་ཆུ་ཚོད་འཁོར་ལོ་དེ་གང་ལྟར་འགྱུར་སོང༌།
སྒལ་གཞུང་དུ་ཕབ་པའི་རྨ་ཤུལ་ཟབ་མོ་དེ་གང་ལྟར་འགྱུར་སོང༌།

སྨྱུག་ཁ་ནས་བླངས་པའི་གླུ་སྐད་སྐྱ་བོ་དེ་གང་ལྟར་འགྱུར་སོང༌།
མགྲིན་པའི་སྦུབས་ནས་བཙིར་བའི་རྣག་ཁྲག་གཤེར་བོ་དེ་གང་ལྟར་འགྱུར་སོང༌།

ཁྱོད་དང་ང་ཡི་བར་གྱི་བྲང་གཞུང་དམར་བོ་དེ་གང་ལྟར་འགྱུར་སོང༌།
སེམས་དང་སེམས་པའི་བར་གྱི་ཤིང་ཟམ་རྙིང་བ་དེ་གང་ལྟར་འགྱུར་སོང༌།

གང་ལྟར་འགྱུར་སོང༌། ཤོག་བུའི་ངོས་ཀྱི་ནག་ཐིག་དེ་འགྱུར་སོང༌།
གང་ལྟར་འགྱུར་སོང༌། བྲག་རྡོའི་སྟེང་གི་སྐྱུར་རྩི་དེ་འགྱུར་སོང༌། 
                                                     ༢༠༠༠/ ༨/༣༠ཇ་ཚང་སློབ་ཆུང་དུ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་ལྟར་འགྱུར་སོང་།

2008-12-31 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

མཛུབ་བར་ལ་བཙིར་བའི་ཤིག་རྒན་ལྟོ་རྐྱལ་དེ་གང་ལྟར་འགྱུར་སོང༌།
མཚན་གུང་ལ་ཟུག་པའི་ཁྱི་མོ་རྒྱ་རྒྱ་དེ་གང་ལྟར་འགྱུར་སོང༌།

མེ་ལོང་ལས་རྙེད་པའི་ངོ་གདོང་འཁྱག་པ་དེ་གང་ལྟར་འགྱུར་སོང༌།
ཕོར་ཁ་ནས་འདྲེས་པའི་གཟུགས་བརྙན་སྡུག་པོ་དེ་གང་ལྟར་འགྱུར་སོང༌།

སྦགས་བཙོག་མ་ཐེབས་པའི་བྱིས་བློ་དྭངས་མ་དེ་གང་ལྟར་འགྱུར་སོང༌།
ནག་ནོག་གི་གྲིབ་མས་མ་ལྷད་པའི་དར་ཆ་དཀར་པོ་དེ་གང་ལྟར་འགྱུར་སོང༌།

དྲན་པའི་ངོས་སུ་བརྐོས་པའི་ཆུ་ཚོད་འཁོར་ལོ་དེ་གང་ལྟར་འགྱུར་སོང༌།
སྒལ་གཞུང་དུ་ཕབ་པའི་རྨ་ཤུལ་ཟབ་མོ་དེ་གང་ལྟར་འགྱུར་སོང༌།

སྨྱུག་ཁ་ནས་བླངས་པའི་གླུ་སྐད་སྐྱ་བོ་དེ་གང་ལྟར་འགྱུར་སོང༌།
མགྲིན་པའི་སྦུབས་ནས་བཙིར་བའི་རྣག་ཁྲག་གཤེར་བོ་དེ་གང་ལྟར་འགྱུར་སོང༌།

ཁྱོད་དང་ང་ཡི་བར་གྱི་བྲང་གཞུང་དམར་བོ་དེ་གང་ལྟར་འགྱུར་སོང༌།
སེམས་དང་སེམས་པའི་བར་གྱི་ཤིང་ཟམ་རྙིང་བ་དེ་གང་ལྟར་འགྱུར་སོང༌།

གང་ལྟར་འགྱུར་སོང༌། ཤོག་བུའི་ངོས་ཀྱི་ནག་ཐིག་དེ་འགྱུར་སོང༌།
གང་ལྟར་འགྱུར་སོང༌། བྲག་རྡོའི་སྟེང་གི་སྐྱུར་རྩི་དེ་འགྱུར་སོང༌། 
                                                     ༢༠༠༠/ ༨/༣༠ཇ་ཚང་སློབ་ཆུང་དུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།