ཁྱོད་དང་ང་ཚོ།

སེམས་ངལ་གྱི་སྒོ་མོ་དལ་བུར་རྡུང་དུས
ནང་ངོས་སུ་འབྱར་བའི་ས་རྡུལ་དང་བཙོག་རྫས་མང་བོ
སྒེའུ་ཁུང་ལས་འཕྱུར་འདྲའི་སྣང་བ་སྐྱེས་བྱུང
དྲན་ཚུལ་དང་འགུལ་སྟངས་རིགས་ཤིག་གིས
ང་རང་སྐྱོ་བ་ལ་གོམས་པའི་མི་ཚེ་ཞིག་ཏུ་ཆགས
ཁྱོད་ཚོ་དང་འབྲེལ་འདྲིས་བརྒྱུད་པའི་ལམ་བར་འདི་ནས
ངས་སྐད་ཅིག་མའི་ལག་ཟུང་ཁྱོད་ཕྱོགས་སུ་མ་བསྲིང་ལ
ཁུ་བྱུག་ལས་སྙན་པའི་སྐད་ཆ་ཁྱོད་ལ་མ་བཤད་པར་ལུས
འོན་ཀྱང འཚོ་བའི་འཐབ་ར་འདིའི་དྲན་ངོགས་སུ
ཁྱོད་དང་ང་ཚོ་སྐྱུར་ཁ་ལ་འཐིམ་པའི་ཕུང་བོ་དང་ལས་སྐལ་འདྲ
གནའ་ནས་ད་བར་དུ ཁྱོད་དང་ང་ཚོས་ཅི་ཞིག་ཚོར་གྱི་ཡོད
ཁྱོད་དང་ང་ཚོར་ཅི་ཞིག་ཐོབ་ཀྱི་ཡོད
ཁྱོད་དང་ང་ཚོ་ཅི་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད
གཏམ་རྒྱུད་དང་འདྲ་བའི་ང་ཚོ་གང་ནས་བྱུང་བ་ཡིན
གླེན་པ་དང་འདྲ་བའི་ང་ཚོ་གང་ནས་ཐོན་པ་ཡིན
ཁྱོད་དང་ང་ཚོ་འདི་ནས་གང་ཞིག་ལ་སླེབ་ཐུབ


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་དང་ང་ཚོ།

2008-12-26 ལྡོང་འོད་འཁྱམ། ཀློག་གྲངས། མཆན ཡོད།

སེམས་ངལ་གྱི་སྒོ་མོ་དལ་བུར་རྡུང་དུས
ནང་ངོས་སུ་འབྱར་བའི་ས་རྡུལ་དང་བཙོག་རྫས་མང་བོ
སྒེའུ་ཁུང་ལས་འཕྱུར་འདྲའི་སྣང་བ་སྐྱེས་བྱུང
དྲན་ཚུལ་དང་འགུལ་སྟངས་རིགས་ཤིག་གིས
ང་རང་སྐྱོ་བ་ལ་གོམས་པའི་མི་ཚེ་ཞིག་ཏུ་ཆགས
ཁྱོད་ཚོ་དང་འབྲེལ་འདྲིས་བརྒྱུད་པའི་ལམ་བར་འདི་ནས
ངས་སྐད་ཅིག་མའི་ལག་ཟུང་ཁྱོད་ཕྱོགས་སུ་མ་བསྲིང་ལ
ཁུ་བྱུག་ལས་སྙན་པའི་སྐད་ཆ་ཁྱོད་ལ་མ་བཤད་པར་ལུས
འོན་ཀྱང འཚོ་བའི་འཐབ་ར་འདིའི་དྲན་ངོགས་སུ
ཁྱོད་དང་ང་ཚོ་སྐྱུར་ཁ་ལ་འཐིམ་པའི་ཕུང་བོ་དང་ལས་སྐལ་འདྲ
གནའ་ནས་ད་བར་དུ ཁྱོད་དང་ང་ཚོས་ཅི་ཞིག་ཚོར་གྱི་ཡོད
ཁྱོད་དང་ང་ཚོར་ཅི་ཞིག་ཐོབ་ཀྱི་ཡོད
ཁྱོད་དང་ང་ཚོ་ཅི་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད
གཏམ་རྒྱུད་དང་འདྲ་བའི་ང་ཚོ་གང་ནས་བྱུང་བ་ཡིན
གླེན་པ་དང་འདྲ་བའི་ང་ཚོ་གང་ནས་ཐོན་པ་ཡིན
ཁྱོད་དང་ང་ཚོ་འདི་ནས་གང་ཞིག་ལ་སླེབ་ཐུབ


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།