དམྱལ་ཟངས་ནང་གི་ཤི་ལོག་མ།༡

བརྩེ་དུང་ཁྲག་དྲི་འཐུལ་བའི་དམར་འཛིང་རེད
ལྟག་རྒྱབ་ན་སྤྱང་ལྟོགས་ཚོ་ཤ་གསར་བ་ཆགས་ནས་བསྡད་ཡོད
རྣམ་ཤེས་དེ་རི་སྒང་ན་དར་ལྕོག་གི་གྱོན་ཆས་བྱས་ནས
རྡོ་བརྐོས་མ་ཎི་ལ་འབུ་སྦྲང་བཞིན་འཁོར
ཤི་ལོག་མ དམྱལ་ཟངས་ནང་གི་ཤི་ལོག་མ
ཁྱོད་ཀྱིས་ཡང་དང་བསྐྱར་ལ་སླར་ཡང
གཉོམ་དུང་དུང་གི་སྐྱེ་བ་སུ་ཞིག་གི་གམ་ན་ཁྱིམ་ལས་བསླབ
བུ་ཕྲུག་དེར་ཁྱོད་ཀྱི་ཨ་ཕ་སུ་ཡིན་འདྲི་སྐབས
ཤི་ལོག་མའི་ངོ་གདོང་དམར་བོ་ཁྲག་དང་འདྲ་ལ
སྡང་མིག་ཅིག་བགྲད་པས་དམྱལ་ཟངས་དེར་གས་སྲུབས་དོད
འཇིག་རྟེན་གྱི་ཡོལ་བ་གྲིབ་མ་བཞིན
ཁོ་མོས་དམྱལ་ཟངས་ལས་ཡོངས་སུ་ཚིམས་པའི་འདོད་པ་ཞིག་རོལ་ནས
ཁོ་མོ་ཕྱིར་མི་ཡུལ་ལ་ལྟ་མོར་ཕེབས་དུས
ལ་ལས་ཁོ་མོ་རོ་ལངས་རེད་ཟེར
ཡང་ལ་ལས་ཁོ་མོ་སེང་ལྕམ་འབྲུག་མོ་རེད

མ་རེད ཁོ་མོ་དམྱལ་ཟངས་ནང་གི་ཤི་ལོག་མ
        ༢༠༠༧ལོའི་ཟླ་༩པའི་༢༨གྱི་མཚན་མོར་དྲ་ཁང་ཞིག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམྱལ་ཟངས་ནང་གི་ཤི་ལོག་མ།༡

2008-12-26 དུག་ཞགས། ཀློག་གྲངས། མཆན ཡོད།

བརྩེ་དུང་ཁྲག་དྲི་འཐུལ་བའི་དམར་འཛིང་རེད
ལྟག་རྒྱབ་ན་སྤྱང་ལྟོགས་ཚོ་ཤ་གསར་བ་ཆགས་ནས་བསྡད་ཡོད
རྣམ་ཤེས་དེ་རི་སྒང་ན་དར་ལྕོག་གི་གྱོན་ཆས་བྱས་ནས
རྡོ་བརྐོས་མ་ཎི་ལ་འབུ་སྦྲང་བཞིན་འཁོར
ཤི་ལོག་མ དམྱལ་ཟངས་ནང་གི་ཤི་ལོག་མ
ཁྱོད་ཀྱིས་ཡང་དང་བསྐྱར་ལ་སླར་ཡང
གཉོམ་དུང་དུང་གི་སྐྱེ་བ་སུ་ཞིག་གི་གམ་ན་ཁྱིམ་ལས་བསླབ
བུ་ཕྲུག་དེར་ཁྱོད་ཀྱི་ཨ་ཕ་སུ་ཡིན་འདྲི་སྐབས
ཤི་ལོག་མའི་ངོ་གདོང་དམར་བོ་ཁྲག་དང་འདྲ་ལ
སྡང་མིག་ཅིག་བགྲད་པས་དམྱལ་ཟངས་དེར་གས་སྲུབས་དོད
འཇིག་རྟེན་གྱི་ཡོལ་བ་གྲིབ་མ་བཞིན
ཁོ་མོས་དམྱལ་ཟངས་ལས་ཡོངས་སུ་ཚིམས་པའི་འདོད་པ་ཞིག་རོལ་ནས
ཁོ་མོ་ཕྱིར་མི་ཡུལ་ལ་ལྟ་མོར་ཕེབས་དུས
ལ་ལས་ཁོ་མོ་རོ་ལངས་རེད་ཟེར
ཡང་ལ་ལས་ཁོ་མོ་སེང་ལྕམ་འབྲུག་མོ་རེད

མ་རེད ཁོ་མོ་དམྱལ་ཟངས་ནང་གི་ཤི་ལོག་མ
        ༢༠༠༧ལོའི་ཟླ་༩པའི་༢༨གྱི་མཚན་མོར་དྲ་ཁང་ཞིག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།