མྱི་ལ་མྱི་ཡོད་དམ།
ཁ་བཏགས་ལྟ་བུའི་སེམས་པ་ཐོགས་པའི་སྤྱང་ཀི
རླུང་གི་རྒྱུ་ཕྱོགས་ཀྱིས ཤིང་ལོའི་ཤག་སྒྲ་དེས
མིག་ཤེལ་ཐོགས ཇི་ལྟར་བལྟས་ཀྱང་མིག་ཟུང་མི་མཐོང་བའི་མིག་ཤེལ་ཐོགས
ལྟག་རྒྱབ་ན་འཚེར་བའི་རབ་རིབ་མོག་མོག
ཁ་བཏགས་ཀྱིས་གཡོགས་པའི་ནམ་མཁའ
མིག་ཤེལ་གྱིས་བཀབ་པའི་རྩྭ་ཐང
ནམ་མཁའ བྱ་རྒོད་པོའི་གཤོག་ཟུང་བསྒྱུར་ས
རྩྭ་ཐང རྟ་འདོ་བའི་བང་རྩལ་འགྲན་ས
སློབ་ཁྲིད་ལ་བཙན་ཚུགས་ཀྱིས་བསྡད་པའི་ཞི་མོ
ལས་བྱ་ཨུ་ཚུགས་ཀྱིས་འབྲི་བའི་ཞི་ལི
སྤྱང་ཀིར་ཕྱི་ཐིམ་བརྒྱབ་པའི་ལྷ་ཕྲུག་དར་མ
ཝེ མྱི་ལ་མྱི་ཡོད་དམ
༢༠༠༧ ༦ ༨ ཉིན་ལན་གྲུ་རུ།
རྩོམ་ཁུངས། ངེད་དྲ་བ།