བུ་མོར་གསོལ་བ།
ཁྱོད་ཀྱི་ངོ་གདོང་ལས
འཁྲིག་སྤྱོད་ཀྱི་བདེ་ཚོར་ལྟ་བུའི་ས་གཞི་ཞིག་རྙེད་འོངས
ས་གཞི་དེ་ལས ནམ་རྒྱུན
ངས་རང་ཉིད་ཀྱི་བརྩེ་བ་མཆིལ་མ་བཞིན་མིད་ཀྱིན་ཡོད
འདི་ལྟར་བལྟས་ཚེ
ཁྱོད་ཀྱི་བརླ་ཤ་དེ
བདག་ཉིད་ཀྱི་ཕོ་མཚན་ལྟ་བུའི་མཁྲེགས་པོ་ཞིག་མིན་པར་ངེས
དེ་བས ངས་ཁྱོད་ཀྱི་མོ་མཚན་དང་མྱོས་བུམ་ལ་སྨོན་པ་བྱེད་བཞིན་ཡོད
འདི་ནི་ཁྱོད་ཀྱི་ལེགས་སྐྱེས་ཡིན་ཞེས་གང་ཞིག་འབུལ་དགོས
ནམ་རྒྱུན་གྱི་མལ་ཁྲིའི་སྒང་གི་ཕོ་མཚན་ལས་ཅི་ཞིག་མཆིས
ཆེས་མཁྲེགས་པའི་ཕོ་མཚན་ཁོ་ནས
ཁྱོད་ཉིད་འགུག་ནུས་སམ བུ་མོ་ལགས
མི་རྣམས་ནི་རྒྱུ་ནོར་གྱི་ལོངས་སྤྱོད་ལ་བྲེལ་བཞིན་མཆིས་ཀྱང
བདག་གིས་ནི ཉིན་དང་མཚན་དུ
ཞིམ་ཤ་ལྡན་པའི་ཁྱོད་ཀྱི་མཆུ་སྒྲོས་དང
ཚད་མེད་ཀྱི་བདེ་ཚོར་སྦྱིན་པའི་མཚན་མ་ལ་སྨོན་པ་བྱེད་ཀྱིན་ཡོད
བུ་མོ བདག་གི་སྙིང་ཉེ་བའི་བུ་མོ
ལྷན་སྐྱེས་འཇོ་སྒེག་གིས་ཕྱུག་པའི་མཛེས་པ་ཡི་བདག་མོ་ཀྱེ
ངས ཞོགས་པ་དང་ས་སྲོད་ཀྱི་དུས་ཚིགས་ཀྱི་ཀུན་ཏུ
ཁྱོད་ཀྱི་འཕོངས་ཤ་དང་སྐེད་སྐབས་ཀྱི་ལྡེམ་མྱུར་དེ་སྒོམ་གྱིན་ཡོད
སྐྱེ་བ་འདི་རུ
འུ་གཉིས་ལ་ཐུན་མོང་གི་ལོངས་སྤྱོད་ཅིག་མེད་པ་ཡོངས་སུ་རྟོགས་ཀྱང
བརྩེ་བ་ལྟ་བུའི་མིག་ཟུང་གི་ཞིམ་ཤ་དང
མི་ཡུལ་གྱི་མཛེས་པར་རློམ་ཆོག་པའི་ཁྱོད་ཉིད་ཇི་ལྟར་བརྗེད་དགོས
བུ་མོ་ལགས བདག་གི་བུ་མོ་ལགས
༢༠༠༧ ༨ ༡དགོང་མོར་རྫོགས་པར་བྱས།
རྩོམ་ཁུངས། ངེད་དྲ་བ།