དངངས་སྐྲག

བལྟས་བལྟས་རིག་རིག་ལ    མཁར་རྫོང་དག་སིལ་བུར་གཏོར
ཕྱོགས་བཞི་མཚམས་བརྒྱདནས་བརྐྱངས་འོངས་པའི་ལམ་བུའི་ཚོགས
སྲིན་པོ་ཁྲི་སྟོང་གི་ལག་པ་རེ་རེར་གྱུར་བས
རང་ཉིད་ཀྱི་མི་ཚེ་ལས་རིང་པའི་ཕྲེང་ཐག་གི་བར་ལ
སྐྱི་གཡའ་བའི་སྡིག་སྲིན་གྱི་ཚོགས་འཚང་ཁ་ཤིག་ཤིག་བྱས་བྱུང

སུས་ཀྱང་གཡོ་འགུལ་སློང་མ་ནུས་པའི་གཏན་ཚུགས་ལ་གས་ཆག་ཤོར
སུས་ཀྱང་ཚོད་འཛིན་བྱེད་མ་ཐུབ་པའི་གཞས་ཆུང་ལ་དབྱངས་རྟ་གཞན་ཞིག་འདྲེས

ཡ་ཕུག་ཆོས་ཀྱིས་གཏམས་པའི་ཡིད་ཆེས་ལ་རྨ་ཁ་བཟོས
གོ་ཁ་བུ་ཡིས་གང་བའི་གཏམ་རྒྱུད་ལ་རྫོགས་བྱང་བཀོད 

ཁེར་སྐྱེས་ཉིས་སྐྱེས་ཀྱི་བྱིས་པ་དག་གིས་རང་ཚོད་ཀྱི་ལམ་བུ་རེ་བསྙེགས་ནས་རྒྱང་དུ་བཞུད
ཉེ་འཁོར་གྱི་ཡོད་ཚད་གྲོག་ཚང་ཁ་ཕྱེས་པ་བཞིན་སིབ་སིབ་འགུལ་སོང་པས
རང་ཉིད་ལ་སྔ་མོ་ནས་ཡོད་མྱོང་པའི་ནོར་བུ་དང་དབང་ཐང་མང་པོ
ད་ལྟ   བལྟས་བལྟས་རིག་རིག་ལ་ས་བར་རྡོ་བར་དག་ལ་འཐིམ་གྱིན་འདུག
ཨར་འདམ་དང་རྣོ་ལྕགས་ཀྱི་ཟིལ་ཤུགས་ཁྲོད
རང་ཉིད་ལ་གཅིག་ཀྱང་ལྷག་མི་འདུག་པའི་ན་ཟུག་་ཅིག་གིས
ཁྱོད་ཀྱི་ཕྱི་ནང་མེད་པར་གཙེས་བྱུང་པས
རི་ར་བ་ཁང་ཁྱིམ་དང་བཅས་པ་འགུལ་གྱིན་པའི་ཉམས་སྣང་དེ
ཁྱོད་ལ་མཚོན་ན    འཇིག་རྟེན་འདིའི་ཆེས་ཆེ་བའི་དངངས་སྐྲག་ཅིག་རེད

བཙན་དབང་གིས་བུ་མོའི་མི་ཚེ་ལ་སྐྱོ་གར་རྩོམ་པའི་གར་སྟེགས་དེ་དངངས་སྐྲག་ཅིག་ཡིན་ནམ
སྒེར་དོན་ཁོ་ནའི་ཆེད་ཕུ་ནུ་དམར་འཛིང་བྱེད་པའི་གཡུལ་ས་དེ་དངངས་སྐྲག་ཅིག་ཡིན་ནམ
བུ་དང་ཚ་བོའི་ངག་ན་མིའམ་ཅིའི་སྡིག་སྐད་རྐྱང་རྐྱང་ཟློ་བཞིན་པ་དེ་དངངས་སྐྲག་ཅིག་ཡིན་ནམ
རྒྱང་རིང་རྒྱང་རིང་ཞིག་གི་ཆེད
སྐམ་གྲོང་གྲོང་གི་ལག་ཟུང་མཆན་ལ་བཙུར་ནས་སྡོད་པའི་བཟོ་ལྟ་དེ་དངངས་སྐྲག་ཅིག་ཡིན་ནམ

ཡོད་ཚད་གཏོར་ཞིག་གི་ཁྲོད་མྱུ་གུ་བཞིན་འབུས་བཞིན་ཡོད་ནའང
རང་ཉིད་ཀྱི་ཁ་སྣ་བཅད་སོང་བའི་སྣང་བས
ཁྱོད་ཀྱིས་ཨག་བཏབ    འོ་དོད་ཕྱུང་བས
ཁྱོད་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་དངངས་སྐྲག་གི་དུ་བ་ལྷོག་ལྷོག་ཐོན

དུར་ཁྲོད་དུ་བྱ་གླག་འཁོར་ནས་ཤ་ཁྲག་གི་རྩེད་འཇོར་རོལ་བ་དེ་ནམ་ཡང་གབ་ཚིག་ཅིག་ཡིན་ནམ
ཡོད་ཚད་ཁྱོད་དང་ཉེ་བར་བཅར་འོངས་དུས
དངངས་སྐྲག་ཁོ་ན་ཁྱོད་ཀྱི་ཁྲག་རྒྱུན་དང་གཞི་གཅིག་ཏུ་འདྲེས
ཞིབ་ཏུ་བསམ་ན
ལྷིང་འཇགས་སེར་གནས་པའི་ཁོར་ཡུག་དང་ལྷོད་གྱི་ལེར་བཞུད་པའི་དུས་ཚོད་ཀྱི་བར་གསེང་དག་ནའང
ཁྱོད་ལ་གཏད་པའི་མཚོན་ཆའི་ཚོགས་སྐྲ་ལོ་བཞིན་འཛིང་ཡོད་པ་མ་ཡིན་ནམ

ཁྱོད་ཀྱིས་རང་ཉིད་ལག་མཐིལ་དུ་བཟུང་ནས་སེམས་ཆུང་ཇི་ལྟར་བྱས་ནའང
ཁྱོད་ཀྱིས་རང་ཉིད་ལ་ལྕགས་ཀྱི་ཁང་བ་ཕུབ་སྟེ་སྲུང་སྐྱོབ་ཇི་ལྟར་བྱས་ནའང
ཁ་དབུགས་ནི་ནམ་ཡང་ཁ་དབུགས་ཏེ
ཁྱོད་ཀྱི་ཁ་སྣའི་ཁུང་བུ་རེ་རེ་བརྒྱུད་ནས་ཤུར་སྒྲ་དང་བཅས་ཁོག་པའི་ནང་འཛུལ་འགྲོ་ཞིང
ཡུན་གྱིས་ཡུན་གྱིས་ཁྱོད་རང་རྨེག་མེད་དུ་གཏོང་སྲིད་ལ
བསམ་གྱིན་བསམ་གྱིན་ཁྱོད་ལ་དངངས་སྐྲག་ཅིག་ཀྱང་རིམ་གྱིས་སློང་སྲིད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངངས་སྐྲག

2008-12-26 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།