དྲན་གདུང་གི་རྨ་ཁ།
༡
དེང་རབས་ཀྱི་རྙོག་འཛིང་ཁྲོད་ན
སྔོན་བྱུང་གི་ལོ་རྒྱུས་ལ་མཇལ་དུས
དབུགས་རིང་གི་ངལ་དུབ་ལ་འགྲོགས་བཞིན
མིག་ཆུ་ཡི་རྒྱན་ཆ་གདོང་ལ་བཏེགས་ནས
སྐྱོ་གདུང་གི་འུར་སྒྲ་གངས་འདབས་ནས
སྒྲོག་དགོས་བྱུང
༢
གསེར་མདོག་གི་ཕ་ཡུལ་ན
མེས་པོ་ཚོའི་ཟུངས་ཁྲག་གི་རླབས་རྒྱུན་མཁའ་ལ་འཕྱོ་དུས
ལ་རྒྱ་ཡི་ཀི་སྒྲ་གནམ་ལ་སྒྲོག་བཞིན
སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་བགོས་ནས
སྦྲ་ནག་གི་ལས་དབང་གངས་འདབས་ནས
འཆད་དགོས་བྱུང
༣
པོ་ཏཱ་ལའི་གཟི་འོད་འོག་ནས
ཁེར་རྐྱང་གི་འཚོ་བ་རོལ་དུས
ཆག་འཇིག་ཀྱི་ལོ་ཟླ་ལ་ཕྱིར་དྲན་རེ་བྱེད་བཞིན
རེ་སྒུག་གི་གསོལ་འདེབས་སྙིང་དབུས་ལ་འཆང་ནས
ལྷ་བསང་དང་རླུང་རྟའི་བར་ནས་རྒྱང་རིང་ལ
ལྟ་དགོས་བྱུང
༢༠༠༧ ༨ ༡༥ཉིན
རྩོམ་ཁུངས། ངེད་དྲ་བ།