མི་ཁའི་ཁྲོད་ཀྱི་མི་རབས།
ལག་པ་ཡོད་པ་ཙམ་གྱིས་ལས་ཀ་བྱེད་མི་ཐུབ།
མིག་ཟུང་ཡོད་པ་ཙམ་གྱིས་འཇིག་རྟེན་མཐོང་མི་ཐུབ།
བསམ་བློ་ཡོད་པ་ཙམ་གྱིས་ཀྱང་གཞན་དོན་བསྒྲུབ་མི་ཐུབ།
གཙོ་བོ་དེ་མི་གཞི་ཡིན། ཀུན་སྤྱོད་ཡིན།
ཁ་རྒོད་ཀྱང་ཁ་ལས་མིལོན། མི་དོན་མི་འགྲུབ།
མི་མང་ས་ནས་ལབ་རྒྱག་རྒྱུ་མང་ན།
གཞན་གྱི་རྐང་འོག་ཏུ་ལྷུང་འགྲོ
བསམ་བློའི་བཙན་རྫོང་མཐུན་བའི་མི་རབས་དག
རྒྱལ་ཁ་དང་ཡིད་ཆེས་ཀྱི་ངང་ལམ་ལ་ཆས་ཚར།
ཐག་རིང་དུ་སོང་ཚར། མི་ཡུལ་དུ་འགྲིམས་ཚར།
གཙང་བོའི་གྲམ་ཐང་དུ་ལྷག་པའི་མི་རབས་རྣམས།
མི་ཁའི་ཁྲོད་ན་ཡོད། མི་བརྒྱའི་མཐའ་ན་ཡོད།
མི་རིན་འཚོལ་འདོད་ན། མི་སེམས་གཙབ་ཀྱི་མ་འདུག
མི་སྐྱོན་འཚོལ་གྱི་མ་འདུག མི་ཁ་ལོངས།
མི་ཁའི་ཁྲོད་ཀྱི་མི་རབས། མི་གཞི་འཚོལ་དགོས།
༢༠༠༧ ༡༢ ༡༡ཉིན་ལན་གྲུ་རུ།
རྩོམ་ཁུངས། ངེད་དྲ་བ།