ཞོགས་པ་ཞིག་གི་སྙན་ངག

མི་སེམས་ལ་ལྷིང་འཇགས་ཀྱི་ཁོམ་ལོང་མི་སྟེར་བའི་ཞོགས་པའི་རླུང་བུ་ཡ
སྐྱ་རེངས་ཤར་པ་ནས་ཁྱིམ་ལས་ལ་བྲེལ་བའི་བདག་གི་ཆུང་མ་ལྟར
ཁྱེད་ཀྱི་འཇམ་མཉེན་གྱི་ལག་པས་བདག་གི་སྐྲ་ལོ་བྱིལ་བྱིལ་མ་གནང་དང
ཁྱེད་ཀྱི་དྲོད་འཇམ་གྱི་དབུགས་རྒྱུས་བདག་གི་སྙིང་ཁར་ཡང་ཡང་མ་བྲན་དང
བདག་གིས་ཉིན་གཅིག་འཆར་གཞི་སོས་དལ་གྱིས་གྲ་སྒྲིག་བྱས་ཡོད

ཧ་ཅང་ཐག་རིང་གི་བདག་གི་སེམས་ཁོང་ན་གསོན་པའི་པོ་ཏ་ལ་ལྟར
རང་སེམས་ཀྱིས་མི་ཁྱོགས་པའི་རྡོག་ཁྲེས་གང་མང་ཞིག་རྒྱབ་ལ་ལེན་དུས་སུ
ངལ་དུབ་ཀྱིས་མ་མནར་བའི་སེམས་པ་ཡང་མོ་ཞིག་ལྷོད་ཀྱིས་ཡོང་དོན
བདག་ལ་རང་ཁྱིམ་ཞེས་པའི་དྲོད་ཁོལ་གྱི་མེ་ལྕེ་དམར་བོ་ཞིག་རྒྱུན་ཆད་མེད་ལ
བདག་ལ་ཆུང་མ་ཞེས་པའི་མི་ཚེའི་བདེ་སྡུག་མཉམ་དུ་གླེང་མཁན་དེ་ཡོད་པས་མིན་ན
བདག་ལ་བུ་ཆུང་ཞེས་པའི་མིག་གིས་བལྟ་ས་དང་རྣ་བས་ཉན་ས་ཡོད་པས་ལོས་ཡིན

ཀྭ་ཡེ མིའི་རིགས་ཀྱི་ཀྱག་ཀྱོག་གི་ལོ་རྒྱུས་ལ་ཕྱི་མིག་མ་འཕེན་དང
དུས་ཚོད་ཀྱི་ཐག་སྒྲའི་བར་ནས་ལོ་ཟླའི་གཙང་བོ་མུ་ནས་མུ་རུ་བཞུར་ཟིན
ཁྲག་རྒྱུན་གྱི་འཁོར་རྒྱུག་བར་ནས་ཚེ་སྲོག་གིས་གླུ་གཞས་ལྷང་ལྷང་གྱེར་བྱུང
བདག་གི་ནང་སེམས་ཀྱི་སྲུབ་ཀ་གང་རུང་ན་ཡིད་འོངས་ཀྱིས་འཛུམ་པའི
བདག་གི་སྙིང་ཆུང་གི་འཕར་ལྡིང་ཁྲོད་ནས་ལྷུག་ལྷུག་དགོད་པའི
བདག་གི་སྙན་ངག་གི་མེ་ལྕེས་སྦར་བའི་ལྷག་བསམ་གྱི་འོད་ཀྱི་ཚོམས་བུ་ནི
གངས་དགའ་རིག་གྲོལ་ཞེས་པའི་ལས་བསྐོས་ཀྱི་བུ་ཆུང་སྙིང་རྗེ་ཁྱོད་མིན་ནམ

ཉི་འོད་ཀྱི་འཐམ་འཁྱུད་ལས་བདེ་དྲོད་ཀྱི་སེམས་བྱུང་འདི་རྙེད་པས
བདག་གིས་ཉིན་གཅིག་གི་ངལ་དུབ་མགོ་བརྩམས་པར་ཅི་མི་སྙམ
སྐབས་འདིར ཆུང་མ་དང་བུ་ཆུང་བཅས་པ་རྒྱབ་ཏུ་བཞག་ནས་གཞུང་ལས་སུ་བསྐྱོད་རྒྱུ་ནི
མི་ལོ་མང་པོའི་ཡར་སྔོན་ནས་བདག་གི་འཆར་གཞིར་མི་གཏོགས་ཀྱང
ཞེན་ཆགས་ཕྲ་མོར་བརྒྱུས་པའི་དུང་ཞེན་གྱི་འཁྲེང་སེམས་འདི
བདག་གི་སྙན་ངག་གི་ཁོང་གསེང་ན་ནམ་ཡང་མར་ལོ་བཞིན་སྐགས་ཡོད་པ་མིན་ནམ

ལྷོད་བག་གི་རླུང་བུ་བསིལ་འཇམ་གྱིས་རྒྱུ་བའི་ཁྲོད་ནས
ཞོགས་པའི་ཉི་ཟེར་གྱི་འཇམ་ཤ་ཆུང་མའི་ལྷོད་ཤ་བཞིན་ཕྱོགས་ཡོང་ཚེ
བུ་ཆུང་གི་འཛུམ་ཆུང་ལྟ་བུའི་ཉིན་མོ་གསར་བ་ཞིག་བསུ་རྒྱུར་རྔམ་པ་ལོས་ཡོད
འཆར་གཞིར་མི་གཏོགས་པའི་སྙན་ངག་འདིའི་གྲུབ་ལུགས་ཀྱང
རང་བྱུང་གི་ཆོས་ཉིད་ཅིག་ཏུ་ངོས་བཟུང་ནས་སེམས་ཀྱིས་འབྲི་དུས
ང་ཚོར་ད་དུང་དུས་ཚོད་མང་པོ་ཞིག་མེད་པའི་འདུ་ཤེས་སུས་ཀྱང་རྙེད་དཀའ་སྙམ 
                                   ༢༠༠༨-༠༣-༠༤འབྲོང་ཕྲུག་ལས་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པ་ཞིག་གི་སྙན་ངག

2009-02-15 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།