ཁྱིམ་བརྒྱུད་ནོར་བུ།

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-15

ཨ་མའི་ངག་རྒྱུན་ལས་བཞུར་བའི་ཚེ་སྲོག་གི་གཟུང་འཇུག་ལས
ཁྱོད་ནི་དམག་མི་ཞིག་ལམ་ལ་ཆས་དུས་སུ་ལ་བཞག་པའི་གདུང་བ་ཡིན་སྐད
ས་ཆེན་གྱི་ཡང་རྩེ་རུ་འཕུར་མྱོང་བའི་དམག་རྟ་དེས
ཚ་བའི་གདུང་སྐོམ་ལས་རང་ཉིད་ཀྱི་ཚེ་སྲོག་ས་གཞིར་གཏོར་སོང
དུས་གཏན་དུ

སྦྲ་ནག་གི་ཁ་ཚུབ་ལས་སྐར་མ་འཛིན་མྱོང་བའི་བྱིས་དུས་མང་པོ་ཞིག་ཀྱང
སྐུད་རྒྱུན་ལ་བརྒྱུས་པའི་ཕྲེང་རྡོག་བཞིན་གྲངས་མེད་ཅིག་འདས་སོང
ཁྱོད་རང་སྔར་བཞིན་དུད་དྲེགས་ཀྱི་བར་གསེང་ལ་ཤུགས་ཀྱིས་འཚང་ནས
དུས་ནམ་ཡང་ཕྱི་རབས་པ་ལ་བདག་པོའི་རྟོགས་བརྗོད་གླེང

སུ་ལའང་བདེན་པ་མོད་པོའི་གསང་བ་འདིའི་འཐུ་འོག་ནས
ཁྱོད་རང་རིམ་གྱིས་ཁྱིམ་བརྒྱུད་འདིའི་བླ་སྲོག་དུ་འཐིམས་འགོ་ཚུགས
རྫོགས་མཐའ་མེད་པའི་བགྲོད་ལམ་རིང་མོ་ལ་འཇུས་མྱོང་བའི་ང་ཚོས
ད་ལྟ་ཁྱོད་རང་བླ་ཆེན་གང་རུང་དེའི་སྐུ་མདུན་དུ་མཆོད་དུས
ང་ཚོས་ད་དུང་མེས་པོ་དམག་མི་དེས་བྱས་རྗེས་ལ་ཕྱིར་དྲན་བྱེད་དམ
ང་ཚོས་དམག་རྟ་དེའི་ཚེ་སྲོག་ལ་མིག་ཆུ་འབུལ་ལམ 
                         ༢༠༠༧ ༩ ༢༦ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱིམ་བརྒྱུད་ནོར་བུ།

2009-02-15 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

ཨ་མའི་ངག་རྒྱུན་ལས་བཞུར་བའི་ཚེ་སྲོག་གི་གཟུང་འཇུག་ལས
ཁྱོད་ནི་དམག་མི་ཞིག་ལམ་ལ་ཆས་དུས་སུ་ལ་བཞག་པའི་གདུང་བ་ཡིན་སྐད
ས་ཆེན་གྱི་ཡང་རྩེ་རུ་འཕུར་མྱོང་བའི་དམག་རྟ་དེས
ཚ་བའི་གདུང་སྐོམ་ལས་རང་ཉིད་ཀྱི་ཚེ་སྲོག་ས་གཞིར་གཏོར་སོང
དུས་གཏན་དུ

སྦྲ་ནག་གི་ཁ་ཚུབ་ལས་སྐར་མ་འཛིན་མྱོང་བའི་བྱིས་དུས་མང་པོ་ཞིག་ཀྱང
སྐུད་རྒྱུན་ལ་བརྒྱུས་པའི་ཕྲེང་རྡོག་བཞིན་གྲངས་མེད་ཅིག་འདས་སོང
ཁྱོད་རང་སྔར་བཞིན་དུད་དྲེགས་ཀྱི་བར་གསེང་ལ་ཤུགས་ཀྱིས་འཚང་ནས
དུས་ནམ་ཡང་ཕྱི་རབས་པ་ལ་བདག་པོའི་རྟོགས་བརྗོད་གླེང

སུ་ལའང་བདེན་པ་མོད་པོའི་གསང་བ་འདིའི་འཐུ་འོག་ནས
ཁྱོད་རང་རིམ་གྱིས་ཁྱིམ་བརྒྱུད་འདིའི་བླ་སྲོག་དུ་འཐིམས་འགོ་ཚུགས
རྫོགས་མཐའ་མེད་པའི་བགྲོད་ལམ་རིང་མོ་ལ་འཇུས་མྱོང་བའི་ང་ཚོས
ད་ལྟ་ཁྱོད་རང་བླ་ཆེན་གང་རུང་དེའི་སྐུ་མདུན་དུ་མཆོད་དུས
ང་ཚོས་ད་དུང་མེས་པོ་དམག་མི་དེས་བྱས་རྗེས་ལ་ཕྱིར་དྲན་བྱེད་དམ
ང་ཚོས་དམག་རྟ་དེའི་ཚེ་སྲོག་ལ་མིག་ཆུ་འབུལ་ལམ 
                         ༢༠༠༧ ༩ ༢༦ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།