ང་ཚོས་སྤྱང་ཀི་ལ་དོགས་ཟོན་བྱ་དགོས།(ཞར་བཀོད་གཅིག་ཡོད)

པགས་རྩག་སྐྱ་བོའི་དྲོད་ཁོལ་ལ་ལུས་པོ་གླན་ནས།
སྤྲིན་དཀར་ལྟ་བུའི་ལུག་ཁྱུའི་འཁོར་ཕྱོགས་ལ་མིག་ཟུང་གཏད་དུས།
སེམས་པ་རྩིད་སྐུད་ལྟར་སྒྲིམ་སྟེ་དོགས་ཟོན་བྱ་ས་ནི།
སྤྱང་ཀི་དང་སྤྱང་ཀིའི་འཇབ་རྒོལ་ཅི་ལ་མིན།

རྩྭ་ཐང་ན་ཀུ་ཅོ་འདོན་མཁན་ཧ་ཅང་མང༌།
མཚན་མུན་ཁྲོད་མེ་ཕུང་བསྒྲོན་མཁན་དེ་བས་མང༌།
ཆེས་སྤྱིར་བཏང་ལྟ་བུའི་ཀུ་འབོད་རེའི་ཤུགས་ན།
གཡོ་ཅན་ཞིག་ལ་རྒོལ་རྡུང་སྤྲོད་པའི་ཀུན་སློང་སྦས་ཡོད།
དགའ་ཕྱོགས་ཙམ་རྩ་དོན་དུ་བགྲང་ཆོག་ན།
རྩྭ་ཐང་དུ་དགའ་ཕྱོགས་མེད་པའི་སེམས་ཅན་སུ་ཡོད།
མདོར་བསྡུས་ན་རྩ་དོན་མི་ལྡན་པའི་གང་ཟག་སུ་ཡོད།

མཚམས་ལན་རེར་ཆག་སྒོ་སློང་མཁན་རང་ཉིད་ཡིན་ཏེ།
དེ་ཡང་ང་ཚོས་ཟླ་དཀར་ལ་ཐག་དཀར་དང༌།
སྨག་གནག་ལ་ཐག་ནག་འདྲུད་མ་ཤེས་པས་ཡིན་ངེས།
སྤྱིར་ན་གདམས་ངག་དེ་གདོད་མ་ནས།
མེས་པོ་ཚོས་སྤྱང་ཀིའི་རྩ་དོན་གཏོར་བྱེད་ཡིན།

མིག་གིས་མཐོང་ཚད་ཅིག་གསད་རྒྱུ་ནི་སྤྱང་ཀིའི་རྩ་དོན་ཡིན་ལ།
ཧ་ཅང་དོགས་ཟོན་གྱིས་བཞུད་པའང༌།
རང་ཉིད་ཀྱི་ནག་ཉེས་རིགས་ཤིག་ཁས་བླངས་པས་ཡིན།
གལ་ཏེ་སྤྱང་ཀི་ནི་སྙིང་རྗེ་བོ་ཞིག་རེད་ཟེར་ན།
དེ་ནི་ནོར་ལུག་གི་བདག་པོ་མ་ཡིན་པའམ།
ཡང་ན་རྩྭ་ཐང་གི་བདག་པོ་མ་ཡིན་པ།
ད་དུང་ཡུལ་མི་ཚོའི་དཀའ་སྡུག་བརྗེད་སོང་བའི།
གླེན་པ་ཁྲེལ་མེད་ཅིག་ཡིན་ངེས།

མཚན་མོ་མེད་ཚེ་མེ་ཕུང་གི་མཛེས་སྡུག་མཐོང་མི་ཐུབ་ལ།
སྤྱང་ཀི་ཡོད་ཚེ་མཚན་མོ་ཡི་ལང་ཚོ་མྱོང་མི་ཐུབ།
མཚན་མོ་ནི་ཞི་འཇམ་གྱི་གནས་མལ་དུ་ཡིད་ཆེས་བྱེད་ཀྱང༌།
སྤྱང་ཀི་ཁོ་ནས་ང་ཚོའི་ཞི་བདེ་ཡི་ཁ་དོག་བསྒྱུར་འགྲོ།

མེ་ཕུང་ལ་སྐྲག་མཁན་ནི་འོད་སྣང་ལ་ཞེད་མཁན་ཡིན་ལ།
འོད་སྣང་ཁྲོད་འདུར་མི་ཕོད་པ་དེར་ང་ཚོས་ཇི་ལྟར་སློབ་སྦྱོང་བྱེད་ཨང༌།

ང་ཚོས་རྒྱལ་ཁ་མང་བོ་ཞིག་མཚན་མོ་མགོ་བརྩམས་ཕྱིར།
མཚན་མོ་ནི་ང་ཚོའི་འཇིག་རྟེན་གྱི་ཕྱེད་ཀ་ཡིན་ལ།
ང་ཚོ་རང་ཉིད་ཀྱི་འཇིག་རྟེན་ལ་དགའ་བའི་ཕྱིར།
ཡིད་འོང་གི་མཚན་མོར་དོ་ཁུར་བྱ་དགོས།

རྨི་ལམ་ལྟ་བུའི་མཚན་མོ་ལ་སེམས་པ་བཅོལ་ཞིང༌།
ཕུགས་བསམ་ལྟ་བུའི་རྩྭ་ཐང་ལ་བདག་པོ་རྒྱག་ན།
ང་ཚོས་རྩ་དོན་མིན་པའི་རྩ་དོན་ལ་བསམ་བློ་གཏང་དགོས་ཤིང༌།
སྤྱང་ཀི་ལ་དོགས་ཟོན་བྱེད་པའང་རྒྱུན་འཁྱོངས་བྱེད་དགོས།
2008.08.01ཉིན།

                   རྨི་ལམ་དང་སྙན་ངག་པའི་རྟོག་བཏགས།

རྨི་ལམ་གྱི་ནེའུ་གསིང་འཇམ་པོ་དེར་བྲང་ཁ་སྦྱར་ནས།
ཡུན་རིང་ནས་ཡུན་རིང་ལ་སེམས་ཀྱི་ངལ་གསོར་ཞུགས་བསམ་ཀྱང༌།
རྨི་ལམ་གྱི་རྨ་ཁར་འཛགས་པའི་འཇིགས་རུང་གི་བྱ་དངོས་དེ་དག་གིས།
ང་ནི་ཚེར་མའི་མལ་ལ་ཉལ་བའམ་རྐང་རྗེན་དུ་ཟེགས་ལམ་བརྒྱུད་པ་ཇི་བཞིན།
བདེ་བའི་ཚོར་བ་ཞིག་ཅིས་ཀྱང་བྱིན་མ་སོང༌།

རྣོ་ལྕགས་ཀྱིས་གྲུབ་པའི་རལ་གྲི་རིང་མོ་དེས།
ངའི་བྲང་ཁར་ཇི་འདྲའི་གཏད་ཅིང་བསྣུན་ནའང༌།
ཏག་ཏག་སྐབས་དེར་ངའི་བྲང་གཞུང་ནི་ཟླ་མེད་ཀྱི་ཕུབ་དང་འདྲ་ངེས་ཏེ།
ངས་སྙིང་གི་དཀྱིལ་འཁོར་ལ་རང་ཉིད་ཀྱི་ལྷ་ཆེན་པོ་དེ་བསྒོམས་ནས་གྲུབ་ཡོད།

སྙིང་ཉེ་བའི་མི་དེ་རྨི་ལམ་དུའང་བདག་གི་ཉེ་སར་བཅར་ཡོད།
མིག་ཟུང་བཙུམས་ཏེ་ཁོ་བོའི་རྡོག་སྒྲ་ཁོ་ན་སེམས་པས་བཙལ་དུས་ཀྱང༌།
མི་དེའི་བརྩེ་སེམས་དང་མིག་འོད་ཀྱིས་ང་ལ་ལག་བརྡ་གཏོང༌།
དོན་དངོས་དང་རྨི་ལམ་ནམ་ཡང་ནམ་ཡང་ལྡོག་སྟེ་ཡོད་ཟེར།
དེ་ནི་ང་ལ་ཕངས་སེམས་དང་སྤྲོ་སེམས་དཀྱུས་གཅིག་ཏུ་སྐྱེ་བྱེད་ཅི་ལ་མིན།

དམག་འཁྲུག་དང་དུས་ཟིང་ནི་ཞི་བདེ་འཐོབ་བྱེད་ཅིག་ཡིན་བཟོ་མི་འདུག་སྟེ།
དེ་ལྟ་བུའི་རྨི་ལམ་ཁོ་ནས་ཀྱང་སེམས་པ་འདི་ལྗིད་ཏིག་གེར་བུད་འགྲོ།
ཚུལ་དེ་ནི་རྨི་ལམ་ནང་དུ་ཅི་ཞིག་གིས་རང་ཉིད་མནན་པ་དང་འདྲ་བྱུང༌།
ཉམ་ཆུང་བའི་ལུས་ཕུང་སྐམ་པོ་ཤུགས་ཀྱིས་འགུལ་ཀྱང༌།
དོན་ངོ་མར་སུ་ཞིག་གིས་རང་ཉིད་ཀྱི་ལག་པ་འདེག་ནུས།

སྙན་ངག་པའི་སྨྱུ་གུ་ལས་ཁྲག་དང་མིག་ཆུ་འབབ་པ་བདེན་ཀྱང༌།
འོད་ཀྲིག་ཀྲིག་གི་མིག་ཆུ་ཡོད་ཚད་སྨྱུག་རྩེ་ནས་བབས་པར་སུས་འདོད།
སྙན་ངག་པའི་སྨྱུ་གུས་གསང་བ་ལྟ་བུའི་ལོ་རྒྱུས་འབྲི་ནུས་ན།
བདག་གི་རྨི་ལམ་ཁྲོད་ཀྱི་བཙན་པོ་གྲི་ཐོགས་དང་སྡར་མ་རྔ་དྲུད་ཚོ།
ཁ་ཕོར་གང་ཞིག་གི་ཡུ་བར་འཇུ་མཁན་ཡིན་ནམ་གསལ་བཤད་ཅི་ལ་མི་བྱེད།
དོན་དམ་དུ་རྨི་ལམ་ཡོད་ཚད་གཟུགས་བརྙན་དང་འདྲ་བའི་ངེས་པ་གང་ན་ཡོད།

གཉིད་བཅག་ཟས་བརྗེད་ཀྱིས་འཚོལ་བཞིན་པ་དེ།
མདང་དགོང་རྨི་ལམ་དུ་ཡང་བཙལ་སོང་ཟེར་དུས།
ཆེན་པོ་ཚོ་ལྟོ་བ་བསྐྱོར་ནས་དགོད་སྲིད་དམ།
དོན་ངོ་མར་ངས་རང་ཉིད་ཀྱི་ཕུགས་བསམ་དེ་ངོས་ཟིན་དཀའ་སོང༌།
ལན་རེར་ཕུགས་བསམ་ནི་རང་ཉིད་ཀྱི་རྐང་འོག་ཏུ་མནན་པ་འདྲ་ལ།
མཚམས་རེར་ཕུགས་བསམ་ནི་སྔ་མོ་ནས་རྒྱབ་ཏུ་བསྐྱུར་བ་འདྲ་བྱུང༌།
ཡང་སྐབས་རེར་ཕུགས་བསམ་ནི་སྙན་ངག་རིང་མོ་ཞིག་ཏུའང་བསམས་འགྲོ།

རྨིལམ་ནི་ངལ་བ་གསོ་བྱེད་ཅིག་ཡིན་ནམ།
རྨི་ལམ་གྱིས་སྟོང་སྣང་ལྟ་བུའི་གནས་ལུགས་སྟོན་ནམ།
ཁེར་རྐྱང་གི་གདུང་ཡུས་ཕྲ་མོའི་ཁྲོད་ནས།
རྨི་ལམ་ཁོ་ན་བདག་གི་་གདུང་ཡུས་བསལ་བྱེད་ཡིན་ནམ།

རྒྱང་རིང་རྒྱང་རིང་ཞིག་ལ་སེམས་པའི་དཔལ་ཁ་བཙན་གྱིས་བསྐོར་ཀྱང༌།
ཆེས་ཐག་ཉེ་ཐག་ཉེ་ཡི་ནེའུ་གསིང་དེ་ལས་བརྒལ་མ་ཐུབ།
སྟོབས་ཆེན་སུ་ཞིག་གི་སྤྲུགས་རྡེབ་ལྟ་བུའི་སྤྱོད་ཚུལ་དེས།
ང་ཚོར་དབང་མེད་དུ་ཞེན་སྣང་ཞིག་གིས་མིག་ཟུང་བཙུམ་ཏུ་བཅུག་ཚེ།
འཇིགས་སྐྲག་དེ་སྐད་ཅིག་ན་གཅིག་གི་སྔ་ཕྱི་ཡིན་མི་སྲིད།

ཁྱོད་ཀྱི་པད་འདབ་ལྟ་བུའི་ལག་པ་དང་ལྕུག་ཕྲན་ལྟ་བུའི་སོར་མོ།
ཐང་ཀའི་ངོས་ཀྱི་དབྱངས་ཅན་མའི་ཕྱག་སོར་དང་མི་མཚུངས་མོད།
པི་ཝང་དཀྲོལ་བའི་དབྱངས་སྙན་དེ་ཇི་འདྲའི་སྙན་ཞིང་འཇེབས་ཨང༌།

གཉིད་ཡུར་རྒྱག་མཁན་ཚོ་རོལ་དབྱངས་ལ་སྤྲོ་མཁན་དག་ཡིན་ཚེ།
ང་རང་གློ་བུར་དུ་གཉིད་ལས་སད་པར་འགྱོད་པ་ཅི་ལ་མི་སྐྱེ། 
                                                                2008.07.28ལ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོས་སྤྱང་ཀི་ལ་དོགས་ཟོན་བྱ་དགོས།(ཞར་བཀོད་གཅིག་ཡོད)

2009-02-15 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།