ལག་པ་གཡུག་པ།༡(ཞར་བཀོད་གཅིག་ཡོད)

                         མཚོ་པེ་ལ་ཕུལ་བ།

ཁ་པར་གྱི་སྐུད་སྣེར་འཇུས་ནས།
སེམས་ཀྱི་ཕྱི་པགས་ཕྱེས་དུས།
ཁྱོད་ཀྱིས་ང་ལ་ཡིད་ཆེས་མ་བྱས།
ཁྱོད་ཀྱིས་ང་ལ་དུང་སེམས་མ་བསྟན།
སྤྱིར་ཡིན་ན། ལག་པ་འདི་གཡུགས་དོན་མེད།
སྐད་ཆ་འདི་ལབ་དོན་མེད།
གཏམ་རྒྱུད་འདིའི་དབུ་འཁྱུད་འབྲི་མཁན་ཡང་ཁྱོད་ཡིན།
གཏམ་རྒྱུད་འདིའི་མཇུག་མ་སྒྲིལ་མཁན་ཡང་ཁྱོད་ཡིན།
གང་ལྟར་ཀྱང༌། གནས་ལུགས་ཡོད་ཀྱང་ཆོག མེད་ཀྱང་རུང༌།
དེ་རིང་ནས་བཟུང༌། ང་ཁྱོད་ཀྱི་གམ་ནས་ལོག་དགོས་བྱུང༌།
ལོག་དགོས་ཀྱང་འགྱོད་པ་དང་སྐྱོ་གདུང་མི་འདུག
ལོག་དགོས་ཀྱང་སེམས་ཁྲལ་དང་དཀའ་ཁག་མི་འདུག
སྔོན་ཆད་ ངས་ཁྱོད་ཀྱི་ཆེད་དུ།
མཚོ་ཟེར་བའི་སྙན་ངག་འབྲི་མྱོང༌།
དྲན་ཟེར་བའི་གླུ་གཞས་གཏོང་མྱོང༌།
དེ་དག་ ང་རང་ཉིད་ཀྱི་སྟོང་བསམ་དང་རྨི་ལམ་རེད།
བུ་མོ་ལགས། བདེ་མོ་བྱོས།

                        ལག་པ་གཡུགས་པ། ༢ 
                                                          ཚེ་ཁོ་སྐྱིད་ལ་ཕུལ་བ།
ལོ་ཟླ་ཁ་ཤས་ཤིག་ལ།
གློག་དྲ་ཁང་ནས།
དམིགས་ཡུལ་ཞིག་གླེང་ནས།
ཡུན་རིང་ཞིག་ཏུ་ལུས་སོང༌།
ཁྱོད་ཀྱིས་ང་ལ་དགོད་ཁ་མ་བསླང་ཟེར།
ང་ཡིས་ཁྱོད་ལ་ཀུ་རེ་མ་བརྩི་ཟེར།
འུ་གཉིས་ཀྱིས་ཡུན་རིང་ཞིག་ཏུ་འབྲེལ་བ་བྱས་ནས།
ཁ་བརྡ་ཐ་ཐོར་ཞིག་གླེང་མཐར།
ལག་པ་རུམ་ལ་བཅུགས་དགོས་བྱུང༌།
སེམས་པའི་ཁ་འཐོར་རྒྱག་དགོས་བྱུང༌།
དེ་ནི་ལས་དབང་ཞིག་གམ།
ཡང་ན་འགྲོ་སྟངས་ཤིག་ལོས་ཡིན།
ལས་དབང་དེ་ཐབས་སྡུག་ཅིག
འགྲོ་སྟངས་དེ་འུ་ཐུག་ཅིག་ཏུ་སེམས།
གནམ་འོག་ནས། ངས་ཁྱོད་ལ་ཕོག་ཐུག་མི་བཟོ།
རང་ཉིད་ལ་ཕྱི་ལྟ་ཞིག་བགྱི་རོགས། 
                       ༢༠༠༧ ༡༠ ༥ཉིན་ལན་གྲུ་གྲོང་ཁྱེར་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་པ་གཡུག་པ།༡(ཞར་བཀོད་གཅིག་ཡོད)

2009-02-15 དགུ་དུང་སྐྱེས། ཀློག་གྲངས། མཆན ཡོད།

                         མཚོ་པེ་ལ་ཕུལ་བ།

ཁ་པར་གྱི་སྐུད་སྣེར་འཇུས་ནས།
སེམས་ཀྱི་ཕྱི་པགས་ཕྱེས་དུས།
ཁྱོད་ཀྱིས་ང་ལ་ཡིད་ཆེས་མ་བྱས།
ཁྱོད་ཀྱིས་ང་ལ་དུང་སེམས་མ་བསྟན།
སྤྱིར་ཡིན་ན། ལག་པ་འདི་གཡུགས་དོན་མེད།
སྐད་ཆ་འདི་ལབ་དོན་མེད།
གཏམ་རྒྱུད་འདིའི་དབུ་འཁྱུད་འབྲི་མཁན་ཡང་ཁྱོད་ཡིན།
གཏམ་རྒྱུད་འདིའི་མཇུག་མ་སྒྲིལ་མཁན་ཡང་ཁྱོད་ཡིན།
གང་ལྟར་ཀྱང༌། གནས་ལུགས་ཡོད་ཀྱང་ཆོག མེད་ཀྱང་རུང༌།
དེ་རིང་ནས་བཟུང༌། ང་ཁྱོད་ཀྱི་གམ་ནས་ལོག་དགོས་བྱུང༌།
ལོག་དགོས་ཀྱང་འགྱོད་པ་དང་སྐྱོ་གདུང་མི་འདུག
ལོག་དགོས་ཀྱང་སེམས་ཁྲལ་དང་དཀའ་ཁག་མི་འདུག
སྔོན་ཆད་ ངས་ཁྱོད་ཀྱི་ཆེད་དུ།
མཚོ་ཟེར་བའི་སྙན་ངག་འབྲི་མྱོང༌།
དྲན་ཟེར་བའི་གླུ་གཞས་གཏོང་མྱོང༌།
དེ་དག་ ང་རང་ཉིད་ཀྱི་སྟོང་བསམ་དང་རྨི་ལམ་རེད།
བུ་མོ་ལགས། བདེ་མོ་བྱོས།

                        ལག་པ་གཡུགས་པ། ༢ 
                                                          ཚེ་ཁོ་སྐྱིད་ལ་ཕུལ་བ།
ལོ་ཟླ་ཁ་ཤས་ཤིག་ལ།
གློག་དྲ་ཁང་ནས།
དམིགས་ཡུལ་ཞིག་གླེང་ནས།
ཡུན་རིང་ཞིག་ཏུ་ལུས་སོང༌།
ཁྱོད་ཀྱིས་ང་ལ་དགོད་ཁ་མ་བསླང་ཟེར།
ང་ཡིས་ཁྱོད་ལ་ཀུ་རེ་མ་བརྩི་ཟེར།
འུ་གཉིས་ཀྱིས་ཡུན་རིང་ཞིག་ཏུ་འབྲེལ་བ་བྱས་ནས།
ཁ་བརྡ་ཐ་ཐོར་ཞིག་གླེང་མཐར།
ལག་པ་རུམ་ལ་བཅུགས་དགོས་བྱུང༌།
སེམས་པའི་ཁ་འཐོར་རྒྱག་དགོས་བྱུང༌།
དེ་ནི་ལས་དབང་ཞིག་གམ།
ཡང་ན་འགྲོ་སྟངས་ཤིག་ལོས་ཡིན།
ལས་དབང་དེ་ཐབས་སྡུག་ཅིག
འགྲོ་སྟངས་དེ་འུ་ཐུག་ཅིག་ཏུ་སེམས།
གནམ་འོག་ནས། ངས་ཁྱོད་ལ་ཕོག་ཐུག་མི་བཟོ།
རང་ཉིད་ལ་ཕྱི་ལྟ་ཞིག་བགྱི་རོགས། 
                       ༢༠༠༧ ༡༠ ༥ཉིན་ལན་གྲུ་གྲོང་ཁྱེར་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།