སྙིང་གཏམ་བརྗོད་ས་སུ་ཡིན།

བྱ་བར་ཞུགས་རྗེས།
ངས་ནམ་ཡང་སྨག་རུམ་གྱི་ཕ་མཐའ་མཐོང་མ་མྱོང༌།
སྐར་འོད་ཀྱི་འཛུམ་མདངས་ཀྱང་མཐོང་མ་སོང༌།

ལོ་ངོ་གཉིས་འདས་ཟིན།
མཁའ་དབུགས་གྲང་མོ་དེ་ངའི་རྣ་ལམ་ནས་ནམ་ཡང་འཇགས་མ་མྱོང༌།
དྲག་ཏུ་འཚུབ་པའི་བུ་ཡུག་གིས།
མིའི་ངོ་གདོང་ངོ་མ་དེ་ཡོངས་སུ་གཡོགས་ཚར་འདུག
འཚོ་བའི་ཁྲོད་འཚང་ཁ་ཤིག་ཤིག་ཏུ་སླེབས་པའི་ངོ་གདོང་དེ་དག
བདག་དང་བར་ཐག་ཤིན་ཏུ་ཉེ་ལ་ཤིན་ཏུ་རིང༌།

དུས་ཀྱི་འགྱུར་བག་གིས།
མཚན་མོ་མང་པོ་ཞིག་གི་མིང་ཡིག་བདག་ལ་བྱིན།
མུན་ནག་གི་ཟབ་ས་ནས་སྐྱེས་པའི་སྐད་ཆ་རྨས་མ་ཚོས།
ཉིན་ཐོ་དང་རྨི་ལམ་ཡོད་ཚད་ཟོས་འགྲོ

མིག་ཟུང་གིས་གྲང་འདར་རྒྱག་བཞིན།
སུ་ཞིག་གི་དྲོད་ཁོལ་བཙལ་ནས་ཡུན་རིང་འགོར།
ས་རུབ་དུས་མལ་ཁྲི་སྐམ་པོ།
ནམ་ལངས་དུས་ཀྱང་མལ་ཁྲི་སྐམ་པོ།
སེམས་སུ་ཡུན་རིང་རྨིས་པའི་རྨི་ལམ་གྱི་ལྷ་མོ་དེ།
རེ་སྒུག་གི་ཁྲོད་ནས་གང་དུ་འཕུར་སོང༌།

ཆང་དཀར་དང་ཟས་ཅོག་གི་མཐའ་ན་འདུས་པའི་གྲིབ་གཟུགས་ཚོ།
ལག་པ་འཁེན་བསམ་དུས་རྒྱང་རིང་དུ་ཡིབ་འགྲོ
གཞུང་ལས་ཁང་གི་ལབ་གླེང་ཁྲོད་འཕྱུར་བའི་དགོད་སྒྲ་དེ་ཡང༌།
ཞིབ་ཏུ་ཉན་ཚེ་ཅི་འདྲའི་རྣ་ལ་གཟན་ཨང༌།

སྒམ་བརླིང་དང་ཚུལ་འཆོས་སོགས་ནི།
མཚན་ལྗོངས་འདིའི་སྐར་ཚོགས་བཞིན།
བར་སྣང་གི་རྒྱ་ཕིབས་སུ་ཤར་ནས།
བདག་ལ་ཆེས་དུངས་བའི་སེམས་ངོ་བསྟན་བྱུང༌།

མདོར་ན། འཚོ་བའི་ཁྲོད་ལྷུང་བའི་མཆི་མ་དེ་ཚོས།
བདག་ལ་དྲི་བ་སྣ་ཚོགས་བཏོན་བྱུང་སྟེ།
དེའི་ནང་གི་དྲི་བ་གཅིག་ནི།
སྙིང་གཏམ་བརྗོད་ས་སུ་ཡིན་ཞེས་པ་དེ་རེད། 
                                     2007.9.18མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གཏམ་བརྗོད་ས་སུ་ཡིན།

2009-02-15 སྨུག་པོ། ཀློག་གྲངས། མཆན ཡོད།

བྱ་བར་ཞུགས་རྗེས།
ངས་ནམ་ཡང་སྨག་རུམ་གྱི་ཕ་མཐའ་མཐོང་མ་མྱོང༌།
སྐར་འོད་ཀྱི་འཛུམ་མདངས་ཀྱང་མཐོང་མ་སོང༌།

ལོ་ངོ་གཉིས་འདས་ཟིན།
མཁའ་དབུགས་གྲང་མོ་དེ་ངའི་རྣ་ལམ་ནས་ནམ་ཡང་འཇགས་མ་མྱོང༌།
དྲག་ཏུ་འཚུབ་པའི་བུ་ཡུག་གིས།
མིའི་ངོ་གདོང་ངོ་མ་དེ་ཡོངས་སུ་གཡོགས་ཚར་འདུག
འཚོ་བའི་ཁྲོད་འཚང་ཁ་ཤིག་ཤིག་ཏུ་སླེབས་པའི་ངོ་གདོང་དེ་དག
བདག་དང་བར་ཐག་ཤིན་ཏུ་ཉེ་ལ་ཤིན་ཏུ་རིང༌།

དུས་ཀྱི་འགྱུར་བག་གིས།
མཚན་མོ་མང་པོ་ཞིག་གི་མིང་ཡིག་བདག་ལ་བྱིན།
མུན་ནག་གི་ཟབ་ས་ནས་སྐྱེས་པའི་སྐད་ཆ་རྨས་མ་ཚོས།
ཉིན་ཐོ་དང་རྨི་ལམ་ཡོད་ཚད་ཟོས་འགྲོ

མིག་ཟུང་གིས་གྲང་འདར་རྒྱག་བཞིན།
སུ་ཞིག་གི་དྲོད་ཁོལ་བཙལ་ནས་ཡུན་རིང་འགོར།
ས་རུབ་དུས་མལ་ཁྲི་སྐམ་པོ།
ནམ་ལངས་དུས་ཀྱང་མལ་ཁྲི་སྐམ་པོ།
སེམས་སུ་ཡུན་རིང་རྨིས་པའི་རྨི་ལམ་གྱི་ལྷ་མོ་དེ།
རེ་སྒུག་གི་ཁྲོད་ནས་གང་དུ་འཕུར་སོང༌།

ཆང་དཀར་དང་ཟས་ཅོག་གི་མཐའ་ན་འདུས་པའི་གྲིབ་གཟུགས་ཚོ།
ལག་པ་འཁེན་བསམ་དུས་རྒྱང་རིང་དུ་ཡིབ་འགྲོ
གཞུང་ལས་ཁང་གི་ལབ་གླེང་ཁྲོད་འཕྱུར་བའི་དགོད་སྒྲ་དེ་ཡང༌།
ཞིབ་ཏུ་ཉན་ཚེ་ཅི་འདྲའི་རྣ་ལ་གཟན་ཨང༌།

སྒམ་བརླིང་དང་ཚུལ་འཆོས་སོགས་ནི།
མཚན་ལྗོངས་འདིའི་སྐར་ཚོགས་བཞིན།
བར་སྣང་གི་རྒྱ་ཕིབས་སུ་ཤར་ནས།
བདག་ལ་ཆེས་དུངས་བའི་སེམས་ངོ་བསྟན་བྱུང༌།

མདོར་ན། འཚོ་བའི་ཁྲོད་ལྷུང་བའི་མཆི་མ་དེ་ཚོས།
བདག་ལ་དྲི་བ་སྣ་ཚོགས་བཏོན་བྱུང་སྟེ།
དེའི་ནང་གི་དྲི་བ་གཅིག་ནི།
སྙིང་གཏམ་བརྗོད་ས་སུ་ཡིན་ཞེས་པ་དེ་རེད། 
                                     2007.9.18མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།