ཆང་འཐུང་གིན་འཐུང་གིན་ཆུ་རེད།

                ____གྲོགས་ཀྱི་དྭངས་མ་རེ་རྐང་གླིང་ལ་ཕུལ་བ།

དེ་རིང ངས་འཇིག་རྟེན་གྱི་ཆེས་འཁྱག་ས་ཞིག་ནས
ལཱ་སྒྲོན་རྐང་གཅིག་མེ་ལ་སྦར་ཏེ རོལ་དབྱངས་ཤིག་ལ་ཉན་བཞིན
ཆང་འཐུང་བཞིན་ཡོད
སྙན་ངག་པ ཁྱོད་མེད་དུས
ཆང་ཁོ་ན་ངའི་སྐྱོ་གྲོགས་ཡིན་པ་བཞིན

འོ ཆང་ནི་མུ་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོ་ཞིག་རེད
ང་ནི་རླུང་འཚུབ་དང་རྦ་རླབས་ཀྱི་ཀློང་ན
ཁ་ཕྱོགས་བོར་ཟིན་པའི་ ཡོམ་ཡོམ་འགུལ་བཞིན་པའི་
ཁེར་རྐྱང་གི་གྲུ་གཟིངས་ཆུང་ཆུང་ཞིག་རེད

མཁའ་དབྱིངས་ན་དམིགས་མེད་དུ་འཁྱམ་པའི་སྤྲིན་པ་ནག་པོ་བཞིན
འཇིག་རྟེན་འདིའི་ཆེས་འཁྱག་ས་འཁྱག་ས་ཞིག་ནས
སྙན་ངག་པ དེ་རིང་
ལྗིད་ཏིག་ཏིག་གི་ངས འཁྱག་སིབ་སིབ་ཀྱི་ངས
རང་ལུས་མེ་རུ་སྦར་ཏེ
འཇིག་རྟེན་འདིའི་སྟེང་གི་འདར་སིག་སིག་གི་སྐྱེ་འགྲོ་ཡོད་དོ་ཅོག་ལ
འོད་སྣང་ངམ་དྲོད་ཁོལ་གྱི་ཞིང་ཁམས་ཤིག་བསྐྲུན་ན་འདོད

ཐེངས་མང་པོར མིའི་རིགས་ཀྱིས་ང་ལ་ན་ཟུག་དང་མིག་ཆུ་
ཡང་ཡང་བསླངས་ནས་ ང་རང་
ཅི་བྱ་གཏོལ་མེད་དུ་བཟོས་མྱོང་བ་བཞིན
སྙན་ངག་པ དེ་རིང
ངས་འཇིག་རྟེན་འདིའི་ཆེས་འཁྱག་ས་ཞིག་ནས
ལཱ་སྒྲོན་རྐང་གཅིག་མེ་རུ་སྦར་ཏེ རོལ་དབྱངས་ཤིག་ལ་ཉན་བཞིན
ངས་ ང་ཚོའི་རྒྱང་རིང་གི་གླིང་ཕྲན་ཆུང་ཆུང་དེ་དྲན་བཞིན་ཡོད
ངས ང་ཚོའི་སྨུག་ཀློང་ཁྲོད་ཀྱི་ནགས་ཚལ་སྔོན་པོ་དེ་དྲན་བཞིན་ཡོད་ཨང

སྙན་ངག་པ དེ་རིང
ངས་འཇིག་རྟེན་གྱི་ཆེས་འཁྱག་ས་ཞིག་ནས

ཁྱོད་མེད་དུས ཆང་ཁོ་ན་ངའི་སྐྱོ་གྲོགས་ཡིན་པ་བཞིན
དེ་རིང ངས་འཇིག་རྟེན་གྱི་ཆེས་འཁྱག་ས་འདི་ནས
ཆང་ཕོར་དགུང་ལ་འདེགས་ཐེངས་རེར
ཚོར་སྣང་ཞིག་ལ ཁྱོད་ཀྱིས་ངའི་ཁ་གཏད་ན་ཆང་ཕོར་ཞིག་ལག་ལ་བཟུང་ནས
ང་ལ་ཅི་ཞིག་བརྗོད་བཞིན་འདུག
ཚོར་སྣང་ཞིག་ལ ཁྱོད་ཁོ་ནས
ཐག་རིང་ཐག་རིང་ཞིག་ན
འགྲམ་པ་ལག་པས་སྐྱོར་ནས་ང་རང་དྲན་བཞིན་འདུག
ཆོར་སྣང་ཞིག་ལ…… 
                                         ༢༠༠༨·༦·༢༧མཚན་མོར་ཕ་ཡུལ་ནས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་འཐུང་གིན་འཐུང་གིན་ཆུ་རེད།

2009-02-14 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།