ངའི་ཕ་ཡུལ།
ངའི་ཕ་ཡུལ
ད་ལྟ ཆུ་ཆེན་པོ་ཞིག་གི་རབ་ཁ་ན་ཡོད།
ས་ཡོམ་དང་ཆུ་ལོག་གི་གནོད་འཚེ་རྟག་ཏུ་རྒོད་པས
ཆུ་བོའི་རབ་ཁ་ཐོལ་གྱིས་བཤིག་པ་ན
ངའི་ཕ་ཡུལ མཚོ་ཆེན་དེའི་གཏིང་ནས་གཏན་དུ་བརླག་སྲིད
ངའི་ཕ་ཡུལ
ད་ལྟ བྲག་མཐོན་པོ་ཞིག་གི་གཡང་ཁ་ན་ཡོད
རླུང་འཚུབ་དང་དྲག་ཆར་འཇགས་པ་མེད་པས
ངའི་ཕ་ཡུལ དཀན་གཟར་གྱི་ངོས་ནས་ཡལ་ཏེ
ཕྱིར་འོང་མེད་པའི་ལམ་དེར་ལྷག་སྲིད
ངའི་ཕ་ཡུལ
ད་ལྟ མཆེ་བ་རྣོན་པོ་ཞིག་གི་ཧྲག་བར་ན་ཡོད
ཁྱུར་མིད་དང་ཧམ་ཞེན་ལྷན་དུ་སྡེབ་པས
ངའི་ཕ་ཡུལ གནས་ལུགས་ཤི་བའི་དུར་ས་ནས་འགྱེལ་ཏེ
ས་ཆེན་གྱི་གྲུ་ག་འདིར་གཏན་ནས་གཏན་དུ་འབོར་སྲིད་ཨང
རྩོམ་ཁུངས། ངེད་དྲ་བ།