རླུང་བུའི་ཆོ་འཕྲུལ།

ཞི་བདེའི་ན་སྤང་ཡངས་པོ་རླུང་བུས་དཀྲོགས།།

མེ་ཏོག་གཡང་གི་ར་བ་རླུང་བུས་བཤིག།

རི་སུལ་འཚོ་བའི་ལྷིང་འཇགས་རླུང་བུས་གཏོར།།

འཇིག་རྟེན་ཆུང་ཆུང་རླུང་བའི་འཕྲུལ་གྱིས་སྒུལ།།

ཞི་འཇམ་གནའ་བོའི་ཅོང་སྒྲ་རླུང་བུས་ཁུར།།

གསེར་མདོག་མར་མེའི་ཚོམ་བུ་རླུང་བུས་ཁྱེར།།

ཨོ་ཆེན་མ་ཎིའི་དར་ཤིང་རླུང་བུས་འགྱེལ།།

ས་མཐོའི་གྲོང་གི་མཛེས་པ་རླུང་བུས་བསྣུབས།།

ཁུ་ལོའི་གསུང་སྙན་རླུང་བུས་རྒྱང་དུ་སྤུར།།

སྔོ་ལྗང་གོས་ཀྱི་རང་མདངས་རླུང་བུས་བསྒྱུར།།

ཁྲུང་ཁྲུང་འཕུར་ལམ་རིང་མོ་རླུང་བུས་བཅད།།

དབྱར་ལྗོངས་དྲོད་མོའི་དུས་ཚིགས་རླུང་བུས་ལྟེབས།།

རླུང་འདི་ཤར་ནས་གཡུག་སྟེ་བྱང་དུ་འཚུབ།།

མཐོན་པོ་བླ་རིའི་དབུ་འཕང་རླུང་གིས་བསྙིལ།།

རླུང་འདི་དབྱིངས་ནས་འཇབ་སྟེ་ལྷས་སུ་ལྡང༌།།

རང་བྱུང་གཙང་བོའི་རབ་ཁ་རླུང་གིས་གཏོར།།

རླུང་འདི་ཞེ་འཁོན་ཐོགས་པའི་གཤེད་མ་སྟེ།།

ལྷུན་ཆགས་གངས་རིའི་འོད་སྣང་ཐོལ་གྱིས་བསྒྲིབས།།

མགོ་སྦྲ་ལེབ་མོའི་འབྱོར་ཕྱུག་ཁྲལ་གྱིས་བསྡུས།།

ས་ཆེན་པང་གི་རིན་ཐང་བཙན་གྱིས་སྒུམ།།

རླུང་འདི་སྡིག་ཅན་ཞེ་ནག་རྔོན་པ་སྟེ།།

ལྷིང་འཇགས་སུལ་གྱི་མགྲོན་པོ་ཧར་གྱིས་དཀྲོགས།།

འཚེ་མེད་ཚེ་སྲོག་ཞེད་སྣང་གྲོང་དུ་བདས།།

ཨ་ཕོ་གཡག་གི་བསྲན་ཚུགས་ཕྱི་ལ་ཕྱུངས།།

རླུང་འདི་མཚམས་རེར་འཇམ་པོའི་ཟོལ་གྱིས་རྒྱུ།།

གསེར་མདོག་གྲོང་གི་གཟི་བྱིན་ཁད་ཀྱིས་བྲིད།།

རླུང་འདི་ལན་རེར་དྲག་པོའི་ཉམས་ཀྱིས་ཕྱོགས།།

ཆུ་མོའི་གཞུང་གི་ཚེ་སྲོག་ཐབས་ཀྱིས་འཕྲོག།

རླུང་བུ་གཡུག་ཕྱོགས་བཙན་པོའི་ཁ་སྟབས་ནས།།

སྔོ་དངས་མཚོ་མོའི་ཁ་ཞབས་ཐལ་བས་གཡོགས།།

དག་གཙང་ཞིང་གི་མཁའ་དབུགས་རྡུལ་གྱིས་བཟུང༌།།

རང་བྱུང་ཨ་མའི་གདོང་རས་སྐྱོ་བས་མནར།།

རླུང་བུའི་ཆོ་འཕྲུལ་སྐྱེན་པོ་ལྡང་ཕྱོགས་ན།།

མགོ་སྦྲ་རླུང་གིས་རལ་བའི་འཚོ་བ་ཞིག།

རྩམ་སྐྱ་ཕྱོགས་སུ་སྤུར་བའི་ཕོར་ཁ་ན།།

གཏམ་རྒྱུད་སྙིང་ལ་འཛེར་བའི་དྲན་ཤིང་ཞིག

          ༢༠༠༥།༦།༢༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་བུའི་ཆོ་འཕྲུལ།

2009-02-12 ཤིས་ཚང་ལྗང་མྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།