སེམས་ཤུགས་དམར་པོ།

སྙིང་རྗེ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་ནས
ངས་རྒྱུ་འབྲས་ཀྱི་ལྷ་དབང་ལ
ཡིད་ཆེས་ཐེངས་ཤིག་གི་བརྒྱུད་རིམ་བཅོལ་མོད
རྟག་བརྟན་གྱི་མིག་ཆུ་མོད་སའི་གཡུལ་ངོགས་ནས
རང་ཉིད་ཆེས་མཐའ་མཇུག་གི་འཐབ་མོ་བ་དེ་ཡིན་པ་གཞི་ནས་ཚོར་བས
ཁེར་རྐྱང་གི་གདུང་སྡུག་མོད་ས་ནས
བུ་ཆུང་ངས ཉིན་ཐོ་རེ་བྲིས་ཏེ
བརྩེ་བ་རེ་རུམ་ཡོད
བརྩེ་བ་དེ དམར་བོ་ཁྲག་གི་འབྱུང་ཁུངས་ཡིན
བརྩེ་བ་དེ དམར་བོ་སྙིང་གི་ལྡིང་ཚད་ཡིན

དུར་ལམ་ནས་རྙེད་པའི་སྙན་ངག་གི་མནར་གཅོད་མང་བོ
སྐུ་དྲག་དང་འཕྱོན་མ་ཚོའི་བསམ་བློ་ལས་འགོངས་ཀྱང
དབུལ་བོ་ངས སེམས་ཁོངས་ནས་བརྡོལ་བའི་བརྩེ་སེམས་ཀྱི་འགྱུར་བག་ཡིན་པས
མྱི་ཁ་དང་འཕྱ་མོད་མང་བའི་སྡེ་གྲོང་ནས
བུ་ཆུང་ངས རང་ཉིད་ལ་དབང་བའི་མི་གཞི་ཞིག་གི་གཏན་ཚིགས་རུམ་ཡོད།

དངུལ་ལོ་མང་ཉུང་གི་སྲབ་མཐུག་བར་ནས
གཡོ་འཛུམ་རྒོད་འདུག་གི་དཀར་ནག་བར་ནས
ང་རང བྲན་གཡོག་ལ་བརྒྱུས་བའི་ཉམ་ཆུང་བུ་ལོ་ཡིན་ཡང
སེམས་པ་དེ སྙན་ངག་དེ
སྙིང་ཆུང་གི་གས་བར་ནས་བརྡོལ་བའི་རང་སེམས་ཀྱི་རི་མོ་ཡིན་པས
རང་དབང་ལ་མདུན་རི་ན་རྩེན་པའི
རང་སེམས་རྒྱལ་དར་ཡིན 
                 ༢༠༠༧ལོའི་ཟླ ༣ པའི་ཚེས ༢༣ ཉིན་ཙོང་ཁའི་ཡུལ་ནས་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཤུགས་དམར་པོ།

2009-01-30 ལྡོང་མཚོ་ལྡེའུ། ཀློག་གྲངས། མཆན ཡོད།

སྙིང་རྗེ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་ནས
ངས་རྒྱུ་འབྲས་ཀྱི་ལྷ་དབང་ལ
ཡིད་ཆེས་ཐེངས་ཤིག་གི་བརྒྱུད་རིམ་བཅོལ་མོད
རྟག་བརྟན་གྱི་མིག་ཆུ་མོད་སའི་གཡུལ་ངོགས་ནས
རང་ཉིད་ཆེས་མཐའ་མཇུག་གི་འཐབ་མོ་བ་དེ་ཡིན་པ་གཞི་ནས་ཚོར་བས
ཁེར་རྐྱང་གི་གདུང་སྡུག་མོད་ས་ནས
བུ་ཆུང་ངས ཉིན་ཐོ་རེ་བྲིས་ཏེ
བརྩེ་བ་རེ་རུམ་ཡོད
བརྩེ་བ་དེ དམར་བོ་ཁྲག་གི་འབྱུང་ཁུངས་ཡིན
བརྩེ་བ་དེ དམར་བོ་སྙིང་གི་ལྡིང་ཚད་ཡིན

དུར་ལམ་ནས་རྙེད་པའི་སྙན་ངག་གི་མནར་གཅོད་མང་བོ
སྐུ་དྲག་དང་འཕྱོན་མ་ཚོའི་བསམ་བློ་ལས་འགོངས་ཀྱང
དབུལ་བོ་ངས སེམས་ཁོངས་ནས་བརྡོལ་བའི་བརྩེ་སེམས་ཀྱི་འགྱུར་བག་ཡིན་པས
མྱི་ཁ་དང་འཕྱ་མོད་མང་བའི་སྡེ་གྲོང་ནས
བུ་ཆུང་ངས རང་ཉིད་ལ་དབང་བའི་མི་གཞི་ཞིག་གི་གཏན་ཚིགས་རུམ་ཡོད།

དངུལ་ལོ་མང་ཉུང་གི་སྲབ་མཐུག་བར་ནས
གཡོ་འཛུམ་རྒོད་འདུག་གི་དཀར་ནག་བར་ནས
ང་རང བྲན་གཡོག་ལ་བརྒྱུས་བའི་ཉམ་ཆུང་བུ་ལོ་ཡིན་ཡང
སེམས་པ་དེ སྙན་ངག་དེ
སྙིང་ཆུང་གི་གས་བར་ནས་བརྡོལ་བའི་རང་སེམས་ཀྱི་རི་མོ་ཡིན་པས
རང་དབང་ལ་མདུན་རི་ན་རྩེན་པའི
རང་སེམས་རྒྱལ་དར་ཡིན 
                 ༢༠༠༧ལོའི་ཟླ ༣ པའི་ཚེས ༢༣ ཉིན་ཙོང་ཁའི་ཡུལ་ནས་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།