ཁྱོད་ནི།

ཁྱོད་ནི་ཐེངས་དང་པོར་ང་ལ་“བརྩེ་དུང”ཞེས་པའི་རྒུན་ཆང་དམར་པོ་དེ་འཐུང་དུ་འཇུག་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ངའི་རྨི་ལམ་དུ་ལྷ་མོ་བཞིན་སླེབས་མྱོང་བའི་རྒྱང་རིང་གི་མི་དེའོ།
ཁྱོད་ནི་ངས་ཐེངས་དང་པོར་“སྙིང་ཉེ”ཞེས་བོས་མྱོང་བའི་མི་དེའོ།
ཁྱོད་ནི་ངས་ཐེངས་དང་པོར་བྱེ་ཐང་ལྟ་བུའི་མི་ཡུལ་ནས་རང་ཉིད་ཀྱི་རྩོལ་བ་བརྟེན་ཏེ་རྙེད་པའི་གསེར་སེར་བོ་ལྟ་བུའི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ང་ལ་ཟླ་འོད་ཀྱི་འོག་ནས་མཆུ་སྒྲོས་ཀྱི་ཞིམ་མངར་མྱངས་སུ་འཇུག་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ངའི་ཕང་བ་ནས་བྱིས་པ་བཞིན་ཉལ་ཞིང་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ཅེར་ཏེ་ངའི་ཕང་བར་
ཐེངས་དང་པོར་མིག་ཆུ་བཞུར་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ང་རང་སྐྱོ་གདུང་གི་འདམ་ལ་བྱིངས་དུས་ལག་པ་བསྲིངས་མཁན་གྱི་མི་དེའོ།
ཁྱོད་ནི་ངས་ཐེངས་དང་པོར་སེམས་གཏིང་ནས་ཡང་ཡང་དྲན་མྱོང་ཞིང་གཏན་ནས་གཏན་དུ་བརྗེད་ཐབས་བྲལ་བའི་རྒྱང་རིང་གི་མི་དེའོ།
ཁྱོད་ནི་ང་རང་ཐེངས་དང་པོ་མཛེས་སྡུག་གི་རྨི་ལམ་ལས་དཀྲོགས་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་མི་ཚོགས་ཀྱི་ཁྲོད་ནས་ང་ལ་མིག་ཆུ་བཞུར་དུ་འཇུག་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ངའི་རྨ་ཁའི་སྟེང་ལ་ཚྭ་ཁུ་ཡང་ཡང་འདེབས་མཁན་གྱི་མི་དེའོ།
ཁྱོད་ནི་ཐེངས་དང་པོར་ངའི་མིག་ལམ་ནས་འཇའ་ཚོན་བཞིན་འཆར་ཞིང་མཇུག་མཐར་འཇའ་ཚོན་ཡལ་སོང་བའི་མི་དེའོ།
ཁྱོད་ནི་ངས་ཐེངས་དང་པོར་བོར་བརླག་ཐེབས་རྗེས་མཇུག་མཐར་ཇི་ལྟར་བཙལ་ཡང་མ་རྙེད་པའི་མི་དེའོ
ཁྱོད་ནི་ངས་བསྐལ་བ་མ་སྟོང་བར་དུ་རེ་ཞིང་སྒུག་སྲིད་པའི་ངའི་རྒྱང་རིང་རྒྱང་རིང་གི་མི་དེའོ། 
                                                                                               ༢༠༠༨·༦·༢༦མཚན་མོར་ཕ་ཡུལ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ནི།

2009-01-30 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།