མགོ་རུས་སྐམ་པོ།

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-30

སྙིང་ཉེ་བའི་མི་བུ་ཞིག་གིས་འཇིག་རྟེན་གྱི་ས་རྡུལ་གྲངས་མེད་ཅིག་ལུས་ལ་བཀླུབས་མཐར
ཉག་ཕྲ་བའི་ཚེ་སྲོག་གི་རྒྱུད་སྐུད་དེ་ས་རྡུལ་ལ་གཏིམས་སོང

མི་ལོ་བརྒྱ་ཕྲག་ཅིག་འགོར་ཟིན་པའི་ལོ་ཟླ་འདིའི་སྔ་རོལ་དུ
མགོ་རུས་འདིའི་ཆེད་དུ་མིག་ཆུ་མང་པོ་ཞིག་ཀྱང་ཟགས་ཡོད་ངེས
དེ་རིང་ཁྱོད་ལ་གདོང་ཐུག་བརྒྱབ་པའི་དུས་ཚོད་འདིའི་སྐད་ཅིག་མར
ངས་རང་ཉིད་ཀྱི་ཀླད་ཞོ་འདི་ལ་གཡའ་དྲི་ཞིག་འགོས་པ་ལྟ་བུའི་ཉམས་སྣང་སྐྱེས

ས་འོག་ནས་ས་སྟེང རླུང་འཚུབ་དང་བུ་ཡུག
དྲག་ཆར་དང་བསིལ་རླུང མུན་ནག་དང་ཉིན་དཀར
ལོ་ཟླ་གྲངས་མེད་ཅིག་གི་བྱབས་ཁྲུས་ལས་བྱུང་བའི་རུས་སྐོགས་འདི
ཇི་འདྲའི་དྭངས་ཞིང་ཇི་འདྲའི་མཛེས་ནའང
སྐྱེས་ཆེན་གྲངས་མེད་ཅིག་གིས་རྣམ་རྟོག་གི་ཁྱོད་རང་དམན་སར་འཕངས

སེམས་པ་དང་བྲལ་བའི་ཀེང་རུས་འདི་ཇི་འདྲའི་བཙོག་ན་ ཡང
སེམས་པ་དང་འདྲེས་པའི་སྐྱི་ལྤགས་ལས་ཧ་ཅང་མཛེས

ཟླ་འོད་སྒོར་ཞིང་བསིལ་རླུང་ལྡང་བའི་སྟོན་མཇུག་གི་མཚན་མོ་འདིར
ངས་ཁྱོད་དང་མཉམ་དུ་གནའ་བོའི་དམག་འཁྲུག་ཅིག་ལ་མིག་ཆུ་གཏོར 
                                   ༢༠༠༧ལོའི་ཟླ ༡༠ བའི་ཚེས ༩ མཚན་མོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་རུས་སྐམ་པོ།

2009-01-30 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

སྙིང་ཉེ་བའི་མི་བུ་ཞིག་གིས་འཇིག་རྟེན་གྱི་ས་རྡུལ་གྲངས་མེད་ཅིག་ལུས་ལ་བཀླུབས་མཐར
ཉག་ཕྲ་བའི་ཚེ་སྲོག་གི་རྒྱུད་སྐུད་དེ་ས་རྡུལ་ལ་གཏིམས་སོང

མི་ལོ་བརྒྱ་ཕྲག་ཅིག་འགོར་ཟིན་པའི་ལོ་ཟླ་འདིའི་སྔ་རོལ་དུ
མགོ་རུས་འདིའི་ཆེད་དུ་མིག་ཆུ་མང་པོ་ཞིག་ཀྱང་ཟགས་ཡོད་ངེས
དེ་རིང་ཁྱོད་ལ་གདོང་ཐུག་བརྒྱབ་པའི་དུས་ཚོད་འདིའི་སྐད་ཅིག་མར
ངས་རང་ཉིད་ཀྱི་ཀླད་ཞོ་འདི་ལ་གཡའ་དྲི་ཞིག་འགོས་པ་ལྟ་བུའི་ཉམས་སྣང་སྐྱེས

ས་འོག་ནས་ས་སྟེང རླུང་འཚུབ་དང་བུ་ཡུག
དྲག་ཆར་དང་བསིལ་རླུང མུན་ནག་དང་ཉིན་དཀར
ལོ་ཟླ་གྲངས་མེད་ཅིག་གི་བྱབས་ཁྲུས་ལས་བྱུང་བའི་རུས་སྐོགས་འདི
ཇི་འདྲའི་དྭངས་ཞིང་ཇི་འདྲའི་མཛེས་ནའང
སྐྱེས་ཆེན་གྲངས་མེད་ཅིག་གིས་རྣམ་རྟོག་གི་ཁྱོད་རང་དམན་སར་འཕངས

སེམས་པ་དང་བྲལ་བའི་ཀེང་རུས་འདི་ཇི་འདྲའི་བཙོག་ན་ ཡང
སེམས་པ་དང་འདྲེས་པའི་སྐྱི་ལྤགས་ལས་ཧ་ཅང་མཛེས

ཟླ་འོད་སྒོར་ཞིང་བསིལ་རླུང་ལྡང་བའི་སྟོན་མཇུག་གི་མཚན་མོ་འདིར
ངས་ཁྱོད་དང་མཉམ་དུ་གནའ་བོའི་དམག་འཁྲུག་ཅིག་ལ་མིག་ཆུ་གཏོར 
                                   ༢༠༠༧ལོའི་ཟླ ༡༠ བའི་ཚེས ༩ མཚན་མོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།