སྐྱག་ཁང་མྱི་ཡུལ་གྱི་ལྷ་ཡུལ་རེད།
འདོད་ཆགས་ཀྱི་ཁུ་བ ཞེ་སྡང་གི་ཁ་ཆུ
གཏི་མུག་གི་རྟུག་དྲི ང་རྒྱལ་གྱི་ཁྲོ་ཆུ
ད་དུང་ཁོང་ཁྲོའི་རྔུལ་ཆུ
སྐྱག་ཁང*དུག་ལྔའི*སྦགས་པའི་མྱི་ཡུལ་གྱི་ལྷ་ཡུལ་རེད
ལྷ་ཡུལ་འདྲ་བའི་སྐྱག་ཁང་དུ
མྱི་རྣམས་ཀྱིས་ཐར་བའི་གོ་འཕང་སྙེག་པའི
བདེ་བ་གཏོང་བཞིན་ཡོད
དབུགས་ཀྱི་ངལ་གསོ་བསྟེན་སའི་བསྟི་གནས
བདེ་བའི་ལུས་ཕུང་གསོ་སའི་སྐྱིད་གླིང
ཕོ་བ་ཅན་གྱི་མྱི ལོང་ག་ཅན་གྱི་མྱི
ད་དུང་ཡང་ལྒང་བུ་ཅན་གྱི་མྱི
སྐྱག་ཁང་མྱི་ཡུལ་གྱི་ལྷ་ཡུལ་རེད
ལྷ་ཡུལ་འདྲ་བའི་སྐྱག་ཁང་ན
མྱིའི་དྲི་མ་ཡོད རང་བཞིན་ཡོད
ལྷ་ཚོགས་དང་རྒྱང་དུ་གྱེས་པའི་དུག་ལྔའི་བཤང་གཅི་ཡོད
སྐྱག་ཁང་མྱི་ཡུལ་གྱི་ལྷ་ཡུལ་དངོས་རེད
༢༠༠༧ལོའི་ཟླ༩པའི་ཚེས༢༠ཉིན།
རྩོམ་ཁུངས། ངེད་དྲ་བ།