གནམ་ལ་བསྲིངས་པའི་ལག་པ།

   གནམ་ལ་བསྲིངས་པའི་ལག་པ།
ཆོས་ཤུལ་གསང་བདག (གནམ་འོག་གི་རྨ་ཁུག་དང་པོ)

ཀླད་ནས་བཞུར་འོང་བའི་ཆུ་ཐིགས
ལག་པའི་མཐིལ་དུ་ལྷུང་དུས
ངོ་གདོང་བཀྲུ་བྱེད་ཀྱི་ལག་ཕྱེ
གསང་བར་སྦེད་པའི་ཚིག་དུམ་ཞིག་དང་འདྲ
མིག་གིས་འཐོང་ཐབས་བྲལ
ནམ་མཁའི་དབྱིངས་སུ་

རྒོད་པོ་ཞིག་གི་གཤོག་སྣེ
བྲག་ལ་བརྡར་བའི་ཉིན་ཞིག
ཁྱོད་ཀྱི་ནམ་མཁའ་ཏིལ་འབྲུ་ཙམ་པོ
སུ་ཞིག་གི་ཆེད་དུ་བསྲིངས་པའི་ལག་པ
ཕྱོགས་སོ་སོ་ནས་བསྲིངས་ཡོང

ལག་པར་གོན་པའི་སོར་གདུབ
བུ་མོ་ཞིག་གི་གམ་དུ་བཞག་རྗེས
རང་ཉིད་ལ་གཏོགས་པའི་ནེའུ་གསིང་དང་གཞིས་ཀ
རི་རབ་འདི་དག་གི་རྒྱབ་ཏུ་ཡིབ་ཡོད་པ་འདྲ་སྟེ
བདག་གིས་བཙལ་ཀྱང་རྙེད་རྒྱུ་མི་འདུག


ཁ་བ་མཐུག་པོ་འདིར་ལག་པ་བསྙབ་ཀྱང
གྲང་བོའི་སྣང་བ་མེད་པར་དྲོད་སྣང་གིས་ཁེངས་དུས
འཇིག་རྟེན་ཟེར་བའི་ཟླུམ་པོ་འདི
བདག་གི་ལག་མཐིལ་བཞིན
གང་དུའང་འཇོག་ཆོག་པའི་ས་ཁྲ་ཞིག་དང་འདྲ

དུས་ཚོད་ཀྱིས་ཟོས་པའི་མི་དང་དུད་འགྲོ
གྲོག་མ་ཞིག་ཏུའང་འགྲན་མི་བཟོད་པའི་ཉིན་འདི་གར
ང་ཚོར་དབང་བའི་གོ་ལ
བྱིའུ་ཚང་ཞིག་དང་འདྲ་བར
མགྲོན་པོ་དག་གིས་རྐང་འོག་དུ་བསྣན་ཡོང

ཉི་འོད་ཀྱི་སྡུག་སྒྲིབ་འོག
ང་ཚོ་དུས་ཡུན་ག་ཚོད་ཙམ་ལ་འཚོ་གནས་བྱེད་ཐུབ
བདེ་སྐྱིད་ཟེར་བའི་ཚོར་བ་བལ་འདྲ་བ་དག
གང་ཞིག་ནས་རྙེད་སྲིད
ཇི་ལྟར་འཚོལ་ཆོག
མཚན་གུང   ཉིན་གུང  ཡང་ན་ཉི་ནུབ་ཀྱི་དུས
ལག་པ་འདི་རིང་དུ་རྐྱོང་ཆོག་གམ
བདེ་སྐྱིད་ཟེར་བའི་མུན་ནག
བཙལ་ནས་རྙེད་རྒྱུ་ཞིག་ཡོད་དམ

གྲིབ་བསིལ་ཏིལ་འབྲུ་ཙམ་པོ
དགུན་ཁའི་ཉི་འོད་ཇི་བཞིན
འཇིག་རྟེན་གྱི་གཞིས་སུ་ཤར་ནའང
ཤ་རུས་ཀྱི་གྲུབ་པའི་སྒྲོམ་གཞི་འདི་དག
དྲོད་ཁོལ་གྱིས་ཡོངས་སུ་དབེན་པར་གྱུར

མིག་ལ་ཟ་འཕྲུག་སློང་བྱེད་ཀྱི་མེ་ལོང
མདུན་དུ་བཟུང་ནས་ཡུན་རིང་འགོར
ལག་པ་འདི་སྟོང་བའོ
སེམས་པ་འདིའང་སྟོང་བའོ
མིག་ཤེལ་གྱི་ངོས་སུ་ཤར་ཡོང་བའི་མི་དག
ད་དུང་བདག་གི་ལག་པར་འཇུས་ཡོང

འཇམ་ཐང་ངེར་གྲགས་པའི་གླུ་གཞས
ཐག་རིང་ཞིག་ནས་བདག་གི་གམ་དུ་འབྱོར་འོང
མཚན་མོ་ཞིག་གི་སྒེའུ་ཁུང་ངོགས་ཟླ་འོད་བཞིན
འཁྱག་སིབ་སིབ་ཀྱིས་བདག་གིས་སྔས་གཞི་བརླན
གྲང་བསིལ་བསིལ་གྱིས་ནམ་མཁར་འཐིབས

ཉི་ནུབ་ཅིག་དྲན་འོང་བའི་དོ་དགོང
ཁྱོད་གཅིག་པུའི་རྣམ་ཤེས་ལྷག་མ་ཞིག
བར་དོའི་གཏིང་དུ་སིམ་པ་འདྲ་སྟེ
རླུང་གིས་བདག་ལ་མིག་བརྡ་བྱེད་ཀྱི་གདའ

ལག་པ་ཞིག་ཁྱོད་ལའང་ཡོད་སྲིད
ནམ་མཁར་དཔྱངས་ཆོག་པའི་ལག་པ་ཞིག
དཀོན་མཆོག་གིས་ཚང་མར་བསྩལ་ཡོད
གལ་སྲིད་ཁྱོད་ཀྱིས་ལག་པ་འཇོག་མི་ཐུབ་ན
དཀོན་མཆོག་ལ་བཀའ་འདྲི་ཞུ་ཆོག
ཁྱོད་ཀྱི་སྐྱག་པ་ཕྱི་བྱེད་ཅིག
དཀོན་མཆོག་ལ་ཐལ་མོ་སྦྱར་བྱེད་ཅིག
སུ་ལའང་གནང་སྲིད

མཛེས་སྡུག་ཡོད་ཚད་ལ་རེག་བྱེད་ཀྱི་ལག་པ
སྐྱུག་བྲོ་བ་མཐའ་དག་འབྲད་བྱེད་ཅིག
འུ་ཚོའི་ལུས་སུ་འབྱར་ནས་བསྡད་ཡོད
                              ༢༠༠༩ལོའི་ཟླ༡པའི་ཚེས༡༡ཉིན་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་ལ་བསྲིངས་པའི་ལག་པ།

2009-01-24 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

   གནམ་ལ་བསྲིངས་པའི་ལག་པ།
ཆོས་ཤུལ་གསང་བདག (གནམ་འོག་གི་རྨ་ཁུག་དང་པོ)

ཀླད་ནས་བཞུར་འོང་བའི་ཆུ་ཐིགས
ལག་པའི་མཐིལ་དུ་ལྷུང་དུས
ངོ་གདོང་བཀྲུ་བྱེད་ཀྱི་ལག་ཕྱེ
གསང་བར་སྦེད་པའི་ཚིག་དུམ་ཞིག་དང་འདྲ
མིག་གིས་འཐོང་ཐབས་བྲལ
ནམ་མཁའི་དབྱིངས་སུ་

རྒོད་པོ་ཞིག་གི་གཤོག་སྣེ
བྲག་ལ་བརྡར་བའི་ཉིན་ཞིག
ཁྱོད་ཀྱི་ནམ་མཁའ་ཏིལ་འབྲུ་ཙམ་པོ
སུ་ཞིག་གི་ཆེད་དུ་བསྲིངས་པའི་ལག་པ
ཕྱོགས་སོ་སོ་ནས་བསྲིངས་ཡོང

ལག་པར་གོན་པའི་སོར་གདུབ
བུ་མོ་ཞིག་གི་གམ་དུ་བཞག་རྗེས
རང་ཉིད་ལ་གཏོགས་པའི་ནེའུ་གསིང་དང་གཞིས་ཀ
རི་རབ་འདི་དག་གི་རྒྱབ་ཏུ་ཡིབ་ཡོད་པ་འདྲ་སྟེ
བདག་གིས་བཙལ་ཀྱང་རྙེད་རྒྱུ་མི་འདུག


ཁ་བ་མཐུག་པོ་འདིར་ལག་པ་བསྙབ་ཀྱང
གྲང་བོའི་སྣང་བ་མེད་པར་དྲོད་སྣང་གིས་ཁེངས་དུས
འཇིག་རྟེན་ཟེར་བའི་ཟླུམ་པོ་འདི
བདག་གི་ལག་མཐིལ་བཞིན
གང་དུའང་འཇོག་ཆོག་པའི་ས་ཁྲ་ཞིག་དང་འདྲ

དུས་ཚོད་ཀྱིས་ཟོས་པའི་མི་དང་དུད་འགྲོ
གྲོག་མ་ཞིག་ཏུའང་འགྲན་མི་བཟོད་པའི་ཉིན་འདི་གར
ང་ཚོར་དབང་བའི་གོ་ལ
བྱིའུ་ཚང་ཞིག་དང་འདྲ་བར
མགྲོན་པོ་དག་གིས་རྐང་འོག་དུ་བསྣན་ཡོང

ཉི་འོད་ཀྱི་སྡུག་སྒྲིབ་འོག
ང་ཚོ་དུས་ཡུན་ག་ཚོད་ཙམ་ལ་འཚོ་གནས་བྱེད་ཐུབ
བདེ་སྐྱིད་ཟེར་བའི་ཚོར་བ་བལ་འདྲ་བ་དག
གང་ཞིག་ནས་རྙེད་སྲིད
ཇི་ལྟར་འཚོལ་ཆོག
མཚན་གུང   ཉིན་གུང  ཡང་ན་ཉི་ནུབ་ཀྱི་དུས
ལག་པ་འདི་རིང་དུ་རྐྱོང་ཆོག་གམ
བདེ་སྐྱིད་ཟེར་བའི་མུན་ནག
བཙལ་ནས་རྙེད་རྒྱུ་ཞིག་ཡོད་དམ

གྲིབ་བསིལ་ཏིལ་འབྲུ་ཙམ་པོ
དགུན་ཁའི་ཉི་འོད་ཇི་བཞིན
འཇིག་རྟེན་གྱི་གཞིས་སུ་ཤར་ནའང
ཤ་རུས་ཀྱི་གྲུབ་པའི་སྒྲོམ་གཞི་འདི་དག
དྲོད་ཁོལ་གྱིས་ཡོངས་སུ་དབེན་པར་གྱུར

མིག་ལ་ཟ་འཕྲུག་སློང་བྱེད་ཀྱི་མེ་ལོང
མདུན་དུ་བཟུང་ནས་ཡུན་རིང་འགོར
ལག་པ་འདི་སྟོང་བའོ
སེམས་པ་འདིའང་སྟོང་བའོ
མིག་ཤེལ་གྱི་ངོས་སུ་ཤར་ཡོང་བའི་མི་དག
ད་དུང་བདག་གི་ལག་པར་འཇུས་ཡོང

འཇམ་ཐང་ངེར་གྲགས་པའི་གླུ་གཞས
ཐག་རིང་ཞིག་ནས་བདག་གི་གམ་དུ་འབྱོར་འོང
མཚན་མོ་ཞིག་གི་སྒེའུ་ཁུང་ངོགས་ཟླ་འོད་བཞིན
འཁྱག་སིབ་སིབ་ཀྱིས་བདག་གིས་སྔས་གཞི་བརླན
གྲང་བསིལ་བསིལ་གྱིས་ནམ་མཁར་འཐིབས

ཉི་ནུབ་ཅིག་དྲན་འོང་བའི་དོ་དགོང
ཁྱོད་གཅིག་པུའི་རྣམ་ཤེས་ལྷག་མ་ཞིག
བར་དོའི་གཏིང་དུ་སིམ་པ་འདྲ་སྟེ
རླུང་གིས་བདག་ལ་མིག་བརྡ་བྱེད་ཀྱི་གདའ

ལག་པ་ཞིག་ཁྱོད་ལའང་ཡོད་སྲིད
ནམ་མཁར་དཔྱངས་ཆོག་པའི་ལག་པ་ཞིག
དཀོན་མཆོག་གིས་ཚང་མར་བསྩལ་ཡོད
གལ་སྲིད་ཁྱོད་ཀྱིས་ལག་པ་འཇོག་མི་ཐུབ་ན
དཀོན་མཆོག་ལ་བཀའ་འདྲི་ཞུ་ཆོག
ཁྱོད་ཀྱི་སྐྱག་པ་ཕྱི་བྱེད་ཅིག
དཀོན་མཆོག་ལ་ཐལ་མོ་སྦྱར་བྱེད་ཅིག
སུ་ལའང་གནང་སྲིད

མཛེས་སྡུག་ཡོད་ཚད་ལ་རེག་བྱེད་ཀྱི་ལག་པ
སྐྱུག་བྲོ་བ་མཐའ་དག་འབྲད་བྱེད་ཅིག
འུ་ཚོའི་ལུས་སུ་འབྱར་ནས་བསྡད་ཡོད
                              ༢༠༠༩ལོའི་ཟླ༡པའི་ཚེས༡༡ཉིན་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།