ཟིན་ཐོའི་ངོས་ཀྱི་ལྷ་ས།

                     —— ལྷ་སའི་ཟིན་ཐོ་ཁག་ཅིག་བཀླགས་རྗེས།

སྨུག་སྤྲིན་ལང་ལོང་དུ་འཁྲིགས་པའི་

མག་མོག་གི་མཁའ་དབུགས་ཁྲོད

རྒྱང་རིང་གི་ལྷ་ས  ཁ་མི་གྲགས་པའི་བྱིས་པ་བཞིན

སོ་ལྟ་དང་ལྐོག་མིག་གི་མཆེ་བར་ན

འཇིགས་ཡེར་བའི་སྣང་བ་ཁོ་ནས་འཚོ་བར་སྐད

 

ལྕགས་མཆུ་རིང་མོ་དེས་ལྷ་སའི་ལམ་སྣེ་ཟིན་པ་ནས

གྲོག་ཚང་ནག་པོ་དེའང་ག་ལེར་འགུལ་འགོ་བརྩམས

ལོ་ཟླ་དང་དུས་ཚིགས་ཀྱི་ཤར་ནུབ་མེད་པར

གྲོག་མའི་འདུ་འཛི་སྔར་ལས་ཆེ་བས

རྒྱང་རིང་གི་ལྷ་ས  ཟླ་བ་མར་ངོ་བཞིན

ཇེ་ཆུང་ནས་ཇེ་ཆུང་དུ་གྱུར

 

དྲིལ་བསྒྲགས་དང་ཁ་གཡང་གི་སྣེ་ན

རྒྱང་རིང་གི་ལྷ་ས  འོད་ཀྱིས་འཚོ་ཡང

བར་སྐོར་གླིང་དང་པོ་ཏཱ་ལའི་མདུན་རྒྱབ་ཏུ

ཉིན་ལྟར     རིགས་གཅིག་པའི་མཐེ་བོང་མང་བོ་

དུས་གཅིག་ཏུ་ཚོགས་པར་སྐད

 

སྨད་འཚོང་མའི་ཟུར་མིག་དང་དུ་ཆང་གི་མངར་ཁ་འཇམ་པོས

ལྷ་སའི་བསམ་བློ་ལྗིད་ཀྱིས་བཟུང་ཞིང  

མེས་པོའི་ཁྲེལ་གཞུང་རིང་དུ་བོར

 

རྒྱང་རིང་གི་ལྷ་ས   ཉི་འོད་མེད་པའི་ནམ་ཟླའི་ཁུད་དུ

ཁྱོད་འདི་ལྟར   མེས་པོའི་ལྷ་ས་ནས་མགྲོན་པོའི་ལྷ་སར་གྱུར་པ་སུ་ལ་བཤད

                                                         ༢༠༠༩།༡།༡༢ཕྱི་དྲོར་བྲིས།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟིན་ཐོའི་ངོས་ཀྱི་ལྷ་ས།

2009-01-24 ཤིས་ཚང་ལྗང་མྱུག ཀློག་གྲངས། མཆན ཡོད།

                     —— ལྷ་སའི་ཟིན་ཐོ་ཁག་ཅིག་བཀླགས་རྗེས།

སྨུག་སྤྲིན་ལང་ལོང་དུ་འཁྲིགས་པའི་

མག་མོག་གི་མཁའ་དབུགས་ཁྲོད

རྒྱང་རིང་གི་ལྷ་ས  ཁ་མི་གྲགས་པའི་བྱིས་པ་བཞིན

སོ་ལྟ་དང་ལྐོག་མིག་གི་མཆེ་བར་ན

འཇིགས་ཡེར་བའི་སྣང་བ་ཁོ་ནས་འཚོ་བར་སྐད

 

ལྕགས་མཆུ་རིང་མོ་དེས་ལྷ་སའི་ལམ་སྣེ་ཟིན་པ་ནས

གྲོག་ཚང་ནག་པོ་དེའང་ག་ལེར་འགུལ་འགོ་བརྩམས

ལོ་ཟླ་དང་དུས་ཚིགས་ཀྱི་ཤར་ནུབ་མེད་པར

གྲོག་མའི་འདུ་འཛི་སྔར་ལས་ཆེ་བས

རྒྱང་རིང་གི་ལྷ་ས  ཟླ་བ་མར་ངོ་བཞིན

ཇེ་ཆུང་ནས་ཇེ་ཆུང་དུ་གྱུར

 

དྲིལ་བསྒྲགས་དང་ཁ་གཡང་གི་སྣེ་ན

རྒྱང་རིང་གི་ལྷ་ས  འོད་ཀྱིས་འཚོ་ཡང

བར་སྐོར་གླིང་དང་པོ་ཏཱ་ལའི་མདུན་རྒྱབ་ཏུ

ཉིན་ལྟར     རིགས་གཅིག་པའི་མཐེ་བོང་མང་བོ་

དུས་གཅིག་ཏུ་ཚོགས་པར་སྐད

 

སྨད་འཚོང་མའི་ཟུར་མིག་དང་དུ་ཆང་གི་མངར་ཁ་འཇམ་པོས

ལྷ་སའི་བསམ་བློ་ལྗིད་ཀྱིས་བཟུང་ཞིང  

མེས་པོའི་ཁྲེལ་གཞུང་རིང་དུ་བོར

 

རྒྱང་རིང་གི་ལྷ་ས   ཉི་འོད་མེད་པའི་ནམ་ཟླའི་ཁུད་དུ

ཁྱོད་འདི་ལྟར   མེས་པོའི་ལྷ་ས་ནས་མགྲོན་པོའི་ལྷ་སར་གྱུར་པ་སུ་ལ་བཤད

                                                         ༢༠༠༩།༡།༡༢ཕྱི་དྲོར་བྲིས།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།