ལྕགས་མགར་བས། རྨི་ལམ་རྙེད་བྱུང་།
ཁེར་རྐྱང་ངང རྨི་ལམ་རྙེད་བྱུང
ཉི་ནུབ་ཀྱི་ས་སྲོད་ཅིག་ལ
ལྕགས་མགར་བས རྨི་ལམ་རྙེད་བྱུང
རབ་རིབ་ངང རྨི་ལམ་རྙེད་བྱུང
མཛེས་མ་ཞིག་གི་མཆུ་སྒྲོས་ལས
ལྕགས་མགར་བས མངར་སྐྱུར་ཁ་བའི་རྨི་ལམ་རྙེད་བྱུང
གསེར་དངུལ་གྱིས་བཙོ་སྦྱང་བྱས་པའི
རྨི་ལམ་རྙེད་བྱུང རྨི་ལམ་རྙེད་བྱུང་ཨང
07.9.10སྟོང་སྐོར་ཁོག་ཏུ།
རྩོམ་ཁུངས། ངེད་དྲ་བ།