བདག་གིས་རྣ་བ་བླགས་ནས་ཁྱོད་ལ་ཉན།

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-13

                                            ----Rལ་ཕུལ་བའི་སེམས་གཞས་དང་པོ།

གྲོང་ཁྱེར་འདིའི་གྲུ་ཟུར་རེ་ན་ང་དང་གད་སྙིགས་ལས་ཅི་ཡང་ལྷག་མི་འདུག
མུན་པ་ནག་པོ་ཞིག་གིས་ས་གཞི་འདི་བཏུམས་པར་ཡུན་རིང་མི་འགོར་བའི་བར་གླེགས་འདིར
སྐར་ཚོགས་ཀྱི་ངུ་ཤུམ་ལྟ་བུའི་ཁ་བ་ཐར་ཐོར་གྱིས
ངའི་ཕྲག་སྟེང་དུ་འཕྱོ་བའི་སྐྲ་ལོར་གནས་རྟེན་འཆའ

གཟའ་མཇུག་ལ་གཏན་དུ་བསྡད་མ་མྱོང་བའི་མལ་ཁང་གི་གྲུ་ལོགས་ནས
ངས་རང་ཉིད་ལ་དབང་བའི་གཏམ་རྒྱུད་ཅིག་རྟོག་བཟོ་བྱས་མོད
ཁྱོད་རང་མེད་པའི་མཚན་མོ་འདི་མགོ་རྟིང་བསློགས་མ་ཐུབ
སུས་ཀྱང་གྲལ་འགྲིག་པོ་ཞིག་ལྟེབས་མ་མྱོང་བའི་མལ་ཐུལ་དག་ལས
ངས་རང་ཉིད་ནི་ཇི་འདྲའི་འུ་ཐུག་པའི་གཏམ་རྒྱུད་ཅིག་གི་གླེང་གཞི་ཡིན་པར་སེམས

དུས་ཚོད་ཀྱི་མདའ་རྩེ་དེ་སྙིང་ཁར་ཟུག་འོངས་དུས
ཁྱོད་རང་དྲན་པའི་གདུང་བ ཁྱོད་ལ་འཁྲེང་བའི་སེམས་པ
ཐང་ཆད་པའི་ངལ་དུབ་ཇི་བཞིན་བླ་སྲོག་ལ་འཇུས་འོངས
ཁེར་རྐྱང་གི་ཐ་མག་རེ་རེ་ཧམ་སེམས་ཀྱིས་འཇིབས་པའི་བཟོ་ལྟ་ལས
ཁྱོད་རང་ང་ལ་ཕྱོགས་མ་ཐུབ་པའི་སེམས་པ་བཅོས་མར
འགྲེལ་བ་ཡང་དག་ཅིག་རྒྱག་ཐུབ་པོ་མ་བྱུང༌།

སྐྱེ་བ་སྔོན་མ་ཅིག་ལ་ལེ་བདའ་བྱེད་བཞིན
ཁྱོད་ལ་དུངས་བའི་སེམས་པ་ཞིག་བླ་སྲོག་དུ་སྒོམ་དུས
སྙིང་གཏམ་མང་པོ་ཞིག་ཆུ་བཞིན་བཞུར་སོང་རུང
ཁྱོད་ལ་རྣ་བ་བླགས་ནས་གཉིད་མ་ཐུབ 
                   2007.11.18 མཚན་མོར་མལ་ཁང་ནས་བྲིས། 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་རྣ་བ་བླགས་ནས་ཁྱོད་ལ་ཉན།

2009-01-13 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

                                            ----Rལ་ཕུལ་བའི་སེམས་གཞས་དང་པོ།

གྲོང་ཁྱེར་འདིའི་གྲུ་ཟུར་རེ་ན་ང་དང་གད་སྙིགས་ལས་ཅི་ཡང་ལྷག་མི་འདུག
མུན་པ་ནག་པོ་ཞིག་གིས་ས་གཞི་འདི་བཏུམས་པར་ཡུན་རིང་མི་འགོར་བའི་བར་གླེགས་འདིར
སྐར་ཚོགས་ཀྱི་ངུ་ཤུམ་ལྟ་བུའི་ཁ་བ་ཐར་ཐོར་གྱིས
ངའི་ཕྲག་སྟེང་དུ་འཕྱོ་བའི་སྐྲ་ལོར་གནས་རྟེན་འཆའ

གཟའ་མཇུག་ལ་གཏན་དུ་བསྡད་མ་མྱོང་བའི་མལ་ཁང་གི་གྲུ་ལོགས་ནས
ངས་རང་ཉིད་ལ་དབང་བའི་གཏམ་རྒྱུད་ཅིག་རྟོག་བཟོ་བྱས་མོད
ཁྱོད་རང་མེད་པའི་མཚན་མོ་འདི་མགོ་རྟིང་བསློགས་མ་ཐུབ
སུས་ཀྱང་གྲལ་འགྲིག་པོ་ཞིག་ལྟེབས་མ་མྱོང་བའི་མལ་ཐུལ་དག་ལས
ངས་རང་ཉིད་ནི་ཇི་འདྲའི་འུ་ཐུག་པའི་གཏམ་རྒྱུད་ཅིག་གི་གླེང་གཞི་ཡིན་པར་སེམས

དུས་ཚོད་ཀྱི་མདའ་རྩེ་དེ་སྙིང་ཁར་ཟུག་འོངས་དུས
ཁྱོད་རང་དྲན་པའི་གདུང་བ ཁྱོད་ལ་འཁྲེང་བའི་སེམས་པ
ཐང་ཆད་པའི་ངལ་དུབ་ཇི་བཞིན་བླ་སྲོག་ལ་འཇུས་འོངས
ཁེར་རྐྱང་གི་ཐ་མག་རེ་རེ་ཧམ་སེམས་ཀྱིས་འཇིབས་པའི་བཟོ་ལྟ་ལས
ཁྱོད་རང་ང་ལ་ཕྱོགས་མ་ཐུབ་པའི་སེམས་པ་བཅོས་མར
འགྲེལ་བ་ཡང་དག་ཅིག་རྒྱག་ཐུབ་པོ་མ་བྱུང༌།

སྐྱེ་བ་སྔོན་མ་ཅིག་ལ་ལེ་བདའ་བྱེད་བཞིན
ཁྱོད་ལ་དུངས་བའི་སེམས་པ་ཞིག་བླ་སྲོག་དུ་སྒོམ་དུས
སྙིང་གཏམ་མང་པོ་ཞིག་ཆུ་བཞིན་བཞུར་སོང་རུང
ཁྱོད་ལ་རྣ་བ་བླགས་ནས་གཉིད་མ་ཐུབ 
                   2007.11.18 མཚན་མོར་མལ་ཁང་ནས་བྲིས། 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།