འགལ་འདུ། འགལ་འདུ། འགལ་འདུའི་ཕུང་བོ།

འགལ་འདུ། འགལ་འདུ། འགལ་འདུའི་ཕུང་བོ།
ཨ་་་་ཨ།  དུས་ཡིན་སྔ་ཕྱི་གང་ཡིན་ནའང༌།
དམ་པ་འདི་ཚོས་རླབས་ཆེ་བའི་སྡོམ་ཚིག་རེ་བཞག་ནས་སོང་འདུག་ཨང༌།
རྒྱས་ཤིང་འཚར་ལོངས་འབྱུང་གིན་པའི་ལང་ཚོའི་མདུན་དུ།
དྲིན་ཆེན་ཟུང་དང་གཅེས་པའི་དམ་ཚིག་ཐེངས་མང་བོར་བརྗེད་མྱོང་ལ།
མཇུག་མཐའི་ཁ་ཆེམས་ལོས་ཡིན་སྙམ་པའི་དྲིན་མོ་ཆེ་ཡི་རེ་བཅོལ་དང༌།
ཞིབ་ཏུ་་མཐོང་བའི་ན་བཟའ་གཙང་ཞིང་གྲ་དག་པ་དེས།
མཆུ་སྒྲོས་ལས་བརྩམས་པའི་རྨ་ཁ་དུ་མ་སླར་ཡང་རྩ་བ་ནས་སོས་མྱོང༌།
ཀྱེ་ཀྱེ་བླ་མ་ལགས། བདེན་པའི་ལམ་བུ་ལ་དབང་འབྱོར་བའི་བླ་མ་ལགས།
ཕ་མ་སྟེ། མཆི་མའི་མིག་ཟུང་ལ་རེ་བ་ཆེ་བའི་ཕ་མ།
སྨྱོན་མ་སྟེ།  སྨྲས་བའི་དུང་བརྗོད་ལ་ཞིབ་ཆ་གནང་མི་ཆོག་པའི་སྨྱོན་མ།
བདེན་པའི་བུ་ཆུང་ཁྱེད་རང༌།
རེག་པས་ལག་ཟུང་འཚིག་འགྲོ་ཞིང༌།
བཏང་བས་རྫ་མ་གས་འགྲོ་བའི་ལམ་ཕྲན་གྱི་སྐབས་སྐབས་ནས།
ཐ་སྙད་དེ་ལོ་ཟླ་ག་ཚོད་ལ་གྱེར་དགོས་འདུག
འགལ་འདུ། འགལ་འདུ། འགལ་འདུའི་ཕུང་བོ།

སྡིག་གྲོགས། སྡིག་གྲོགས། སྡིག་གྲོགས་རྭ་ཅན་མི་འབྱུང༌།
དབེན་པའི་གླིང་ནས་སླར་ཡང་དབེན་པ་ཞིག་ལ་རེ་ཞིང་སྒུག་པ་ནི།
དབེན་པའི་མཚན་གཞུང་ལགས་ཏེ།
གླེགས་བམ་ཞིག་གི་ས་རྡུལ་ལ་ཕོག་ཐུག་གཏོང་བའམ།
ལག་མགོར་དཀྲིས་པའི་ཕྲེང་བ་ལ་དགེ་མཚན་རེ་ལེན་བསམ་དུས།
ཐང་སྟོང་གི་ཟིང་ཟིང་ལ་དགའ་བ་ཚོས།
ཁང་མིག་དོག་པོ་འདིའི་སྒོ་མོ་ཆུང་ངུ་འགྱེལ་ལ་ཁད་གྱིས།
འཚང་ཁ་ཤིག་ཤིག་གིས་ཐོན་འོངས།
རྙེད་པར་དཀའ་བའི་མཚན་གཞུང་གི་ཆུ་ཚོད་རྩ་ཆེན།
འུད་སྒྲོགས་དང་ཀུ་ཅོ་ཁོ་ནས་བསྐྱལ་སོང༌།
སོང་ཟེར་བའི་སྐད་ཆ་ཚིག་འགའ་ངག་སྒོར་ཐོན་དུས།
གྲོགས་པོ་ཞེས་པའི་ཐ་སྙད་ཀྱིས་བཅིངས་བ་ཏག་ཏག་ཡིན་ཞིང༌།
མུ་མཐུད་དུ་བསྡད་མཆོག་པའི་བདེན་ཁ་བྱིན་ཚེ།
བདག་གི་མི་ཚེ་ཧྲིལ་བོར་་་་་་་་་་

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགལ་འདུ། འགལ་འདུ། འགལ་འདུའི་ཕུང་བོ།

2009-01-13 སེང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།