ཁྱོད།

སྒྱུ་འཕྲུལ་གྱི་སེམས་པ རྟ་ཕོ་སྟོང་ཕྲག་གི་རྨིག་རྡུལ་འཚུབ་ས
སྲོག་རྩ་ཆད་པའི་མིག་དབང སྲ་འཁྲེགས་རང་བཞིན་གྱི་བྲག་རི་གཟར་མོ
གང་ལྟར སྒྲོན་མེ་དེས་ཚེ་སྲོག་རླུང་དུ་བསྐུར་ངེས་སོ

མྱི འཛར་ཞིང་ཡལ་བའི་སྐད་ཅིག་སྐད་ཅིག་སྟེ
འཕུར་ཞིང་ཟད་པའི་མི་རྟག་རང་གཟུགས་ཤིག་རེད་ཨང
དེའི་དབང་གིས དུས་ཚོད་ཐུང་ཐུང་གིས་སྒྲོན་མེ་སྤར་རམ
ཡང་ན་སྡུག་བསྔལ་གྱི་འཁུན་ངལ་རྨུ་ཐག་བཞིན་འཐེན

ཁ་དོག་སྒོམ་དྲགས་པའི་ཚེ་སྲོག ཁྱོད་ཀྱི་ལྗང་མདོག་ཡིན་ནམ
འོ་ན་ཁྱོད་ཀྱི་བརྩེ་བ་ཡིན ངོ་མ་སྒྱུ་འཕྲུལ  བསླུ་བྲིད

སྣང་བ་བན་བུན་ངང་ཆང་ཁར་སེམས་པ་གླན་པའི་བྲང་གཞུང་དེ
འཇའ་ཚོན  མེ་ཏོག  ནུ་འབུར་རྒྱས་པའི་དག་ཞིང་ཞིག
མུ་ཏིག  སྤྲང་རྩི  འོ་མ་སྤྱུགས་པའི་སྙིང་སྟོབས་ཕོར་གང
ཁྱོད་ཀྱི་རླུང་རྟར་མཆོད་སྤྱིན་འབུལ  མཆོད་སྤྱིན་འབུལ

དབྱིན་སྐད་ཟངས་པའི་ནང་ཁོལ་བའི་སློབ་ཐུན་རིང་པོ
སྡུག་གིས་བཟུང་པའི་འཁྲིག་སྤྱོར་ཐེངས་ཤིག་སྟེ
རླངས་པ་འཕྱུར་པའི་རྔུལ་ནག་ཉལ་ཐུལ་གང
དཀར དམར  སེར་གསུམ་གྱིས་གྲུབ་པའི་ཚ་ལྷོག་ལྷོག་ནི་འཇིག་རྟེན་ཞིག་གོ

སྟོང་པའི་དབྱིངས་རིམ་ན  གཟུགས་འདས་ཀྱི་ངང
ན་ཟུག་གི་སྤུ་གྲི་ཐོགས་ནས་སྨིན་བྱུང
འཁྱག་རླུང་གི་སེམས་པ་སྤྱར་བཞིན་ཐོན་འདུག
འདི་དག་ཕྱི་མའི་ཡུལ་ལས་བོས་པའི་བརྡ་ཡིག་མ་ཡིན་ནམ

ལྟོས་བཅས་ཀྱིས་ཁྱོད་ཀྱི་ཆང་ཁ་སྐྱོར་པའི་ང
སྲེག་བཅད་གཏུབ་གསུམ་གྱིས་མནར་པའི་ངུ་འབོད
འཇིག་ཉེན་གྱི་སྡོམ་གཅུད་འོག་གངས་རིར་འཐིམ  གངས་རིར་འཐིམ

ཁྱོད་ཀྱི་ཁྲག་ཐིགས་ཤིག  ང་གསོ་བའི་ས་བོན་དུ་གྱུར་པ་ནས
སྐྱ་ཆད་སྔོ་ཆད་ཀྱི་གས་སྲུབས་རེ་རེར  རྣམ་ཤེས་ཀྱི་རོ་ལངས་རྒྱག་སར་གྱུར
འདང་རྒྱག་གི་སྟོན་རླུང་འཚུབ་སར་གྱུར
ཡིན་ཡང  དམྱལ་ཁམས་ན
འཇིག་རྟེན་ནས་ང་སྤྱི་འགྲོས་བཞིན་འཆི་མི་འདོད
ཁྱོད   ཁྱོད    ཁྱོད
    2008 3 14 ཉིན། རྒྱ་རོང་དུ །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད།

2009-01-13 རྣོ་ཟུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།