༢༠༠༨ལོའི་ཁ་བ།

དོ་ནུབ་ཀྱང་མཁའ་དབྱིངས་སུ་ཟླ་བ་དང་སྐར་མའི་ཚོགས་མཆིས་མོད
གནམ་རྒན་མར་སུ་ཞིག་ལ་དོམ་ཁྲལ་མ་འཁྱོངས་པ་ལྟར
སྔར་བཞིན་ཆད་རྒྱུ་མེད་པའི་ཁ་བ་དེ་གདུག་རྩུབ་ཀྱིས་འཕྱོ་ཀྱིན་འདུག

རྒྱུན་ལྡན་མ་ཡིན་པའི་ཁ་བ
ཉིན་མཚན་ལྟོས་མེད་དུ་བབས་པས
ཕྱི་ནང་གི་ཁོར་ཡུག་ཐམས་ཅད་གྲང་ངར་དང་ཙག་གིས་བཟུང
དེ་ནི་སེམས་ཁུར་དང་ལན་ཆགས་ཀྱི་བུ་ལོན་ཁོ་ན

ལོ་འདིར་བབས་པའི་ཁ་བ
བཤད་མཚམས་འཇོག་མི་ཤེས་པའི་མི་ཞིག་དང་འདྲ་བར
སྨྱོན་རྟགས་ཀྱི་བྲང་ཁོག་ས་གཞིར་བསྟན་ནས
རྔམ་སེམས་ཀྱི་ལག་ཟུང་འཇིག་རྟེན་ལ་བསྲིངས་པའི་དེ་རིང
ཁ་བ་འདི་བཀྲ་ཤིས་པའི་མཚོན་བྱ་ཞིག་ཏུ་གྲུབ་མ་སོང
དེ་ནི་མནར་གཅོད་དང་བརྙས་བཅོས་ལས་མ་འདས

ཐེངས་འདིའི་ཁ་བའི་འབབ་ཞོད་ཆེ་རུ་ཕྱིན་སོང
མཐུག་ནས་མཐུག་ཏུ་འགྲོ་ཀྱིན་པའི་ཁ་བ
མི་སེམས་ལ་ལྷུང་བའི་སྐྱོ་གདུང་དང་སུན་སྣང་རེད
གཞན་ཡང་སེམས་ཅན་གྱི་སྙིང་ཁར་འཐེན་པའི་རྨ་ཁ་དང་ན་ཟུག་ལས་གཞན་ཅི་ཞིག་ཡིན

ཉིས་སྟོང་བརྒྱད་ལོའི་ཁ་བ
ཡོད་ཚད་ཀྱི་རུམ་ཁར་འཛུལ་བའི་ཕམ་ཉེས་ཀྱི་མིག་ཆུ་འཁྱགས་པ
མིག་ཆུ་འཁྱགས་པ་འདི་དཀར་བོང་བོང་གིས་བབས་པ་མཐོང་ན
འཇིག་རྟེན་གྱི་ཕྱི་ནང་མ་ལུས་ཇེ་འཁྱགས་ནས་ཇེ་འཁྱགས་སུ་གྱུར་ལ
ཁ་བ་འདི་ལྟར་ཡུན་རིང་ལ་བབས་ན
འཇིག་རྟེན་གྱི་ཕྱི་ནང་མ་ལུས་བག་འཁུམས་ནས་ཉམས་ཉེས་ཀྱི་ཕྱོགས་སུ་གཞོལ་ལ་བྲེལ

ཉིས་སྟོང་བརྒྱད་ལོའི་ཁ་བས
འགྲོ་འདུག་ཐམས་ཅད་ལ་རང་དབང་མ་བྱིན
ཕྱི་ནང་ཡོད་ཚད་སྒེར་ཚུགས་ཀྱིས་བཟུང་སོང
ཁ་བ ཉིས་སྟོང་བརྒྱད་ལོའི་ཁ་བ
སང་ཉིན་ད་རུང་འབབ་རྩིས་ཨེ་ཡོད
ང་རང་ཧ་ཅང་གྲང་གི་འདུག
                ༢༠༠༨/༠༢/༡༡
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༠༨ལོའི་ཁ་བ།

2009-01-13 ཨ་ཉི་ལྷ་བྷོ། ཀློག་གྲངས། མཆན ཡོད།

དོ་ནུབ་ཀྱང་མཁའ་དབྱིངས་སུ་ཟླ་བ་དང་སྐར་མའི་ཚོགས་མཆིས་མོད
གནམ་རྒན་མར་སུ་ཞིག་ལ་དོམ་ཁྲལ་མ་འཁྱོངས་པ་ལྟར
སྔར་བཞིན་ཆད་རྒྱུ་མེད་པའི་ཁ་བ་དེ་གདུག་རྩུབ་ཀྱིས་འཕྱོ་ཀྱིན་འདུག

རྒྱུན་ལྡན་མ་ཡིན་པའི་ཁ་བ
ཉིན་མཚན་ལྟོས་མེད་དུ་བབས་པས
ཕྱི་ནང་གི་ཁོར་ཡུག་ཐམས་ཅད་གྲང་ངར་དང་ཙག་གིས་བཟུང
དེ་ནི་སེམས་ཁུར་དང་ལན་ཆགས་ཀྱི་བུ་ལོན་ཁོ་ན

ལོ་འདིར་བབས་པའི་ཁ་བ
བཤད་མཚམས་འཇོག་མི་ཤེས་པའི་མི་ཞིག་དང་འདྲ་བར
སྨྱོན་རྟགས་ཀྱི་བྲང་ཁོག་ས་གཞིར་བསྟན་ནས
རྔམ་སེམས་ཀྱི་ལག་ཟུང་འཇིག་རྟེན་ལ་བསྲིངས་པའི་དེ་རིང
ཁ་བ་འདི་བཀྲ་ཤིས་པའི་མཚོན་བྱ་ཞིག་ཏུ་གྲུབ་མ་སོང
དེ་ནི་མནར་གཅོད་དང་བརྙས་བཅོས་ལས་མ་འདས

ཐེངས་འདིའི་ཁ་བའི་འབབ་ཞོད་ཆེ་རུ་ཕྱིན་སོང
མཐུག་ནས་མཐུག་ཏུ་འགྲོ་ཀྱིན་པའི་ཁ་བ
མི་སེམས་ལ་ལྷུང་བའི་སྐྱོ་གདུང་དང་སུན་སྣང་རེད
གཞན་ཡང་སེམས་ཅན་གྱི་སྙིང་ཁར་འཐེན་པའི་རྨ་ཁ་དང་ན་ཟུག་ལས་གཞན་ཅི་ཞིག་ཡིན

ཉིས་སྟོང་བརྒྱད་ལོའི་ཁ་བ
ཡོད་ཚད་ཀྱི་རུམ་ཁར་འཛུལ་བའི་ཕམ་ཉེས་ཀྱི་མིག་ཆུ་འཁྱགས་པ
མིག་ཆུ་འཁྱགས་པ་འདི་དཀར་བོང་བོང་གིས་བབས་པ་མཐོང་ན
འཇིག་རྟེན་གྱི་ཕྱི་ནང་མ་ལུས་ཇེ་འཁྱགས་ནས་ཇེ་འཁྱགས་སུ་གྱུར་ལ
ཁ་བ་འདི་ལྟར་ཡུན་རིང་ལ་བབས་ན
འཇིག་རྟེན་གྱི་ཕྱི་ནང་མ་ལུས་བག་འཁུམས་ནས་ཉམས་ཉེས་ཀྱི་ཕྱོགས་སུ་གཞོལ་ལ་བྲེལ

ཉིས་སྟོང་བརྒྱད་ལོའི་ཁ་བས
འགྲོ་འདུག་ཐམས་ཅད་ལ་རང་དབང་མ་བྱིན
ཕྱི་ནང་ཡོད་ཚད་སྒེར་ཚུགས་ཀྱིས་བཟུང་སོང
ཁ་བ ཉིས་སྟོང་བརྒྱད་ལོའི་ཁ་བ
སང་ཉིན་ད་རུང་འབབ་རྩིས་ཨེ་ཡོད
ང་རང་ཧ་ཅང་གྲང་གི་འདུག
                ༢༠༠༨/༠༢/༡༡
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།