སྤྱང་ཀི་དང་ཝ་མོ།

ཕུན་ཚོགས་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-11

སྤྱིར་རྔོན་པ་གདུག་ཅན་ཚོ་མེད་ས་ན།
སྤྱང་ཀི་ཤ་ལ་རྔམ་པའི་རང་གཤིས་དེའི།
ཉམ་ཆུང་ལུག་ཁྱིའི་ཚོགས་ལ་གསལ་བཤད་བྱེད་མི་དགོས་མོད།
ཁ་སང་དེ་རིང་སློབ་གྲྭ་རུ་ལུ་གུ་ཟ་བའི་ཝ་མོ་སྐོར་ཞིག་སླེབས་བྱུང༌།
ཝ་མོ་དེ་དག་གི་འགྲོ་སྟངས་སྤྱང་ཀི་དང་གཅིག་མཚུངས་རེད།
ཐོག་མར་གཉོམ་དུང་དུང་གི་མགོ་བོ་ཀྲོག་སེ་ཀྲོག
ཞེ་ལྷོད་པའི་མིག་ཟུང་འཛུམ་དམུལ་དམུལ།
ལུག་ཁྱིའི་མཐའ་སྐོར་ན་སྙིང་ཉེ་བའི་སྐོར་བྲོ་འཁྲབ་བྱུང༌།
ལུ་གུའི་རྣར་ལམ་ལ་ཡིད་འགུག་པའི་སྣ་གླུ་རེ་ལེན་སྐབས།
སླད་མེད་གཞུང་དྲང་གི་ལུ་གུའི་ཚོགས་ཀྱིས།
གླུ་ཚིག་མེད་པའི་རོལ་དབྱངས་དེའི་ཕག་ན།
ཝ་མོའི་ཡིད་ལ་འདོད་སྲེད་ཀྱི་ཁྲག་མཚོ་འཁྱིལ་ཞིང༌།
གདུག་རྩུབ་ཀྱིས་སྲིན་ལག་བརྐྱངས་ཡོད་པ་ཡེ་ནས་ཚོར་ཀྱིན་མི་འདུག
སྤྱང་ཚོགས་དང་ཝ་མོ་མཉམ་འབྲེལ་གྱི་ཁོར་ཡུག་རྩུབ་པོར་འདིར།
བདེན་དྲང་དྲང་གི་མགོ་བོ་མཐོན་པོར་དགྱེ་ཞིང༌།
ཁོབ་ཡངས་པའི་ནམ་རྩྭར་ཡིད་སྨོན་འཆོར་བའི་ལུ་གུའི་ཚོགས་ཀྱིས།
གནམ་ལྡིང་ས་ལྡིང་གི་རྩྭ་ཆུར་རོལ་སྐབས།
ཁོ་ཚོའི་རང་ལུས་ཆུང་ཆུང་གི་ཆག་འཇིག་ལ་བསམ་བློ་ཡེ་ནས་འཁོར་ཀྱིན་མི་འདུག
ཉམ་ཆུང་ནུས་མེད་ཀྱི་རྫི་བོ་སྡུག་རུས་ཅན་ཚོས།
ཡང་མེས་ཀྱི་གོམས་སྲོལ་ལྟར་ལུ་གུ་རི་ཚོགས་ཀྱི་ཕ་རོལ་ལ་འདེད་མི་ནུས་པར།
འཇིགས་ཡེར་ཡེར་ངང་ལག་མཐིལ་ལྟ་བུའི་རྩྭ་ས་ཆུང་ཆུང་དེ་པང་ལ་བཅུག་ཉིན་ནས།
ལུ་གུའི་ཚོགས་ཀྱང་ཐོག་མར་འགྲོ་འདོད་པའི་གནས་གཞི་དེར།
མེ་ཏོག་གི་གུར་ཁྱིམ་དང་གངས་རིའི་གཟི་བྱིན་འཚེར་བར་ཡིད་སྨོན་འཆོར་ཡང༌།
གཅན་གཟན་གཏུམ་པོའི་དཔུང་ཚོགས་བསྒྲིགས་ཡོད་པ་ཐོས་སྐད།
ཐོག་མའི་དགའ་ཀྲོག་ཀྲོག་གི་འཛུམ་མདངས་དེ་ལ། ཡིད་སྐྱོ་བའི་ན་བུན་སྨུག་པ་བཞིན་འཐིབ།
དུས་དེ་ནས། རང་ཡུལ་གད་པ་ཡིན་ཡང་སྐྱིད་ཞེས་པའི་རྫི་བོའི་སྣ་གླུ་ཐན་ཐུན་དེར་ཉན་ནས།
འདུག་གྲོགས་ཝ་མོ་ཡོད་ཀྱང་ཆོག་ཞེས་པའི་རང་བསམ་རང་གིས་གསོ་བཞིན།
ཨ་ཅེ་ཝ་མོ་ཡག་པོ་འདུག ཨ་ཅེ་ཝ་མོའི་གཞུང་རྒྱུད་དྲང་ཞེས་པའི།
གཉུག་གླུ་རྫོབ་པོ་རེ་ལེན་བཞིན་མགོ་བོ་དུད་ཅིང་ཨ་ཅེ་ཝ་མོའི་འཛུམ་མདངས་འཚོས།
ལོ་ཟླ་ཡུན་རིང་ཞིག་ལ་གངས་རྩེ་ན་འགྱིངས་བའི་རྔོན་པ་གདུག་ཅན་དེའི་དྲིན་ལ།
ལུག་ཁྱུ་དང་ལུ་གུའི་ཚོགས་ལ་རང་མལ་བསྙེགས་པའི་སྐད་ཅིག་གི་བདེ་བ་ཐོབ་ཡང༌།
ལང་ཚོ་དང་ཟུངས་བཅུད་ཡོད་ཚད་གངས་རིར་འཕུལ་བའི་རྔོན་པར།
གཅན་གཟན་གཞན་དག་གིས་མཆེ་བ་ཡང་ཡང་གཙེས་དྲགས་པས།
མདའ་གཞི་མི་ཐོགས་པའི་ཁོ་བོ་གནས་འདི་དང་བྲེལ་དགོས་བྱུང༌།
དུས་དེ་ནས། སྤྱང་ཚོགས་དང་ཝ་མོ་ལ་སྙིང་སྟོབས་རྒྱས་ཞིང༌།
གངས་འདབས་དང་རི་སུལ་དུ་ཕེ་འདེབས་ཞོར་དང་བརྒྱལ་ཞོར་ལ།
ལུ་གུའི་ཚོགས་ཀྱི་མགོ་ཐོག་ལ་ཁ་བ་བཞིན་འབབ་མགོ་ཚུགས།
སྤྱང་ཚོགས་དང་འཕྲད་ཉིན་ནས།
ཝ་མོའི་ཚོགས་ཀྱི་རྔ་མ་ཡང་ས་ལ་འདྲུད་པ་ནས།
སྣེ་མོ་ཡར་འཁྱིལ་གྱི་སྤྱང་ཀིའི་བཟོ་སྟ་མང་པོ་འཆར།
སྤྱང་ཚོགས་དང་ཝ་མོའི་གད་རྒྱངས་དྲགས་པོ།
ཁོར་ཡུག་འདིའི་དགོད་སྒྲ་ཞིག་ཏུ་གྱུར་ཉིན་ནས།
ཉམ་ཆུང་རྫི་བོའི་ཐུ་འོག་ན་ལུ་གུ་ཚོ་ཕ་མ་མེད་པའི་དྭ་ཕྲུག་བཞིན།
སང་ཉིན་སུ་ཞིག་གི་ཁ་ཟས་སུ་འགྱུར་འགྲོ་བར་ཇི་འདྲའི་དངངས། 
                   ༢༠༠༦ལོའི་ཟླ་༤བར་བྲིས། ༢༠༠༨ལོའི་ཟླ་༩བའི་ཚེས་༧ཉིན་བཅོས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱང་ཀི་དང་ཝ་མོ།

2009-01-11 ཕུན་ཚོགས་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།