སློབ་གྲྭར་འགྲོ་བ།
རླངས་འཁོར་གྱི་གླ སྒོར༧༦
མེ་འཁོར་གྱི་གླ སྒོར༡༤༥
ཟ་གླ སྒོར༥༠
འགྲུལ་ཁང་གི་གླ སྒོར༨༨
ཁ་པར་གྱི་གླ སྒོར༥༠
སིལ་ཏོག་གི་རིན སྒོར༢༣
དཔེ་རིན སྒོར༡༣༢
ད་དུང ད་དུང
སྣུམ་སྨྱུག་ཅིག་ཉོས་པའི་རིན་སྒོར༤
ཕ་རྒན་གྱིས་བཤད་ན
དབྱར་རྩ་དགུན་འབུ་བརྐོས་རྗེས་ཡང་བསྐྱར་སྒོར་མོ་སྐུར་ཆོག་ཟེར
རྩོམ་ཁུངས། ངེད་དྲ་བ།