གད་སྙིགས་སྒྲུགས་པའི་བགྲེས་པོ།

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-11

བགྲང་བྱ་ལྔ་བཅུའི་ཁུར་གྱིས་དུད་པའི་ལུས་པོར་ལྡེམ་འཁྱུག་མྱུར་རམ
ཚ་བ་ཆེ་བའི་དབྱར་གཞུང་ནས་ཁངས་ཆར་འབབ་པའི་དགུན་དཀྱིལ་དག་ལ
འཛུམ་མདངས་ཆེ་བའི་ངོ་གདོང་དེ་ང་ཚོ་དག་གི་མིག་ལམ་དུ་ཡལ་མ་མྱོང

ཁྱོད་ཀྱིས་ཀྱང་རང་ལ་དབང་བའི་འཚོ་རྟེན་གྱི་གནས་མལ་ཅིག་ལ་སྟ་གོན་བྱེད་བཞིན
རྩྭ་དུད་རྐང་གཅིག་གི་བླ་སྲོག་ལ་གཡུལ་འགྱེལ་སློང་དུས
ལང་ཚོའི་མེ་ཏོག་ལ་སྦར་བའི་གཞོན་ནུ་དག་ལས་ཅི་ཞིག་མཐོང་སོང
རང་ལ་དབང་བའི་དུས་སྐབས་དེའི་དབང་སྒྱུར་མཐོང་ངམ
འདྲ་མཉམ་མ་ཡིན་པའི་ཤེས་ཡོན་ཅན་གཏོར་གཤིག་གི་རིག་གསར་མཐོང་ངམ

སྡུད་མ་རིང་མོ་དེའི་ཡོངས་སུ་བཅུམས་པའི་སྟོན་མཇུག་གི་ལོ་མ་དག
སེར་ག་ལྷུང་བའི་ལག་ཟུང་གིས་བཏུས་པའི་བཏུང་ཆུའི་སྣོད་ཆས་དག
ཁྱོད་ཀྱི་འཇིག་རྟེན་དུ་ངན་པའི་བཙན་འཛུལ་དེ་མཚམས་མ་བཞག་ནའང
འཁང་ར་དང་སྡང་སེམས་མེད་པའི་སེམས་གཤིས་དེས
ཡོད་ཚད་རང་ཉིད་ཀྱི་འགན་འཁྲི་རུ་བཞེས

བརྩེ་བ་དང་ཀུན་མཐུན་གྱི་གནས་མལ་འཚོལ་དཀའ་བའི་ཏག་ཏག་དུས་སྐབས་འདིར
ངའི་ཁྱོད་ཀྱི་བླ་སྲོག་ལ་རིན་ཐང་གཞན་ལས་ཆེ་བ་མཐོང་སོང
ཁྱོད་ང་ཚོའི་ཉེ་འཁོར་ནས་ནམ་ཡང་འབོར་མི་རུང་བ་ཤེས་སོང 
             07.11.6ཞོགས་པར་ཙོང་ཆུ་རྙོག་པ་དེའི་འགྲམ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གད་སྙིགས་སྒྲུགས་པའི་བགྲེས་པོ།

2009-01-11 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

བགྲང་བྱ་ལྔ་བཅུའི་ཁུར་གྱིས་དུད་པའི་ལུས་པོར་ལྡེམ་འཁྱུག་མྱུར་རམ
ཚ་བ་ཆེ་བའི་དབྱར་གཞུང་ནས་ཁངས་ཆར་འབབ་པའི་དགུན་དཀྱིལ་དག་ལ
འཛུམ་མདངས་ཆེ་བའི་ངོ་གདོང་དེ་ང་ཚོ་དག་གི་མིག་ལམ་དུ་ཡལ་མ་མྱོང

ཁྱོད་ཀྱིས་ཀྱང་རང་ལ་དབང་བའི་འཚོ་རྟེན་གྱི་གནས་མལ་ཅིག་ལ་སྟ་གོན་བྱེད་བཞིན
རྩྭ་དུད་རྐང་གཅིག་གི་བླ་སྲོག་ལ་གཡུལ་འགྱེལ་སློང་དུས
ལང་ཚོའི་མེ་ཏོག་ལ་སྦར་བའི་གཞོན་ནུ་དག་ལས་ཅི་ཞིག་མཐོང་སོང
རང་ལ་དབང་བའི་དུས་སྐབས་དེའི་དབང་སྒྱུར་མཐོང་ངམ
འདྲ་མཉམ་མ་ཡིན་པའི་ཤེས་ཡོན་ཅན་གཏོར་གཤིག་གི་རིག་གསར་མཐོང་ངམ

སྡུད་མ་རིང་མོ་དེའི་ཡོངས་སུ་བཅུམས་པའི་སྟོན་མཇུག་གི་ལོ་མ་དག
སེར་ག་ལྷུང་བའི་ལག་ཟུང་གིས་བཏུས་པའི་བཏུང་ཆུའི་སྣོད་ཆས་དག
ཁྱོད་ཀྱི་འཇིག་རྟེན་དུ་ངན་པའི་བཙན་འཛུལ་དེ་མཚམས་མ་བཞག་ནའང
འཁང་ར་དང་སྡང་སེམས་མེད་པའི་སེམས་གཤིས་དེས
ཡོད་ཚད་རང་ཉིད་ཀྱི་འགན་འཁྲི་རུ་བཞེས

བརྩེ་བ་དང་ཀུན་མཐུན་གྱི་གནས་མལ་འཚོལ་དཀའ་བའི་ཏག་ཏག་དུས་སྐབས་འདིར
ངའི་ཁྱོད་ཀྱི་བླ་སྲོག་ལ་རིན་ཐང་གཞན་ལས་ཆེ་བ་མཐོང་སོང
ཁྱོད་ང་ཚོའི་ཉེ་འཁོར་ནས་ནམ་ཡང་འབོར་མི་རུང་བ་ཤེས་སོང 
             07.11.6ཞོགས་པར་ཙོང་ཆུ་རྙོག་པ་དེའི་འགྲམ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།