མུ་གེ་ཐང་གི་ཟིན་ཐོ།

         ____མུ་གེ་ཐང་ནི་བདག་གི་མི་ལོ་ཉི་ཤུའི་དགའ་སྐྱོ་ཡི་གོམ་པ་རེ་རེ་ཤུགས་ཀྱིས་སྤོ་ས་ཡིན་སྲིད་ལ། ཁ་སང་རྐང་ཐང་གི་
འགྲུལ་བཞུད་ལས་མཐོང་བའི་བྱེ་མའི་ཐང་ཆེན་དེ་ཡང་ཡིན་སྲིད།

                                       དང་བོ། མུ་གེ་ཐང་གི་ནམ་མཁའ།
ཚ་ཟེར་སྟོང་ཕྲག་ལྡོག་འཕྲོ་བྱེད་སའི་རྩིག་སྡེབས་སྒོར་མོ
རེས་གསལ་རེས་མོག་གི་བར་སྣང་ཁེར་རྐྱང་དེ
བྱ་རྒོད་གང་གི་གཤོག་རྩེར་ཡང་འཕྲད་མ་མྱོང་བའི་སྟོང་དབྱིངས་ཉིད

ཆུ་ཡི་མངལ་དང་མི་ལྡན་པའི་སྤྲིན་པ་ཡང་མོ་འགས
ཚོད་ཚོད་ལ་ཁྱོད་ཀྱི་དབྱིངས་རིམ་ནས་ལྡིང་བསྐོར་རྒྱག་དུས
མེ་ལྕེ་ལས་ཀྱང་ཚ་བའི་ཚ་རླབས་དག་གིས
བདག་གི་ལམ་གྲོགས་ཀྱི་ཟུངས་ཁྲག་བཞིབས་སོང
བདག་གི་ལུས་ཕུང་གི་རྔུལ་ཆུ་བཙག་སོང

ལྷོ་ཕྱོགས་སུ་ཆས་པའི་རྒོད་པོ་དེས་ཀྱང
ཏག་ཏག་ཁྱོད་ཀྱི་མཁའ་དབྱིངས་བྱོལ་ནས་བུད་སོང་སྟེ
བསིལ་རླུང་གི་གཡབ་མོ་མེད་ས་ནས
རླུང་ཤུགས་ལ་བརྟེན་པའི་གཤོག་ཟུང་ཇི་ལྟར་བཀོལ

རེད་དེ ཁྱོད་ནི་མུ་གེ་ཐང་གི་ནམ་མཁའོ

                             གཉིས་པ། མུ་གེ་ཐང་གི་ས་གཞི།
ལུས་ཟུངས་ཡོངས་སུ་ཟད་པའི་རྒས་འཁོགས་ཤིག་གི་གཟུཊ་གཞིའམ
ཡོས་ཁྲ་རྔོད་བྱེད་ཀྱི་ཡོས་ས་ཚ་བོ
རྐང་རྗེན་ཚོའི་རྐང་བ་སྲེག་པའི་བྱེད་ནུས་དེས
གཏིང་རུམ་ན་ཡིབས་པའི་ས་བརླན་དེ་ལ་ཡང་བདེན་ཁ་མ་བྱིན

ཁྱོད་ཀྱིས་སྔ་མོ་ནས
སྐྱེ་དངོས་མང་བོ་ཞིག་གི་རྐང་བ་སྲེག་པས
ཁོ་ཚོས་ཚོར་བས་བཟུང་བའི་བགྲོད་བྱེད་དག
རྩྭ་ཐང་དང་གཙང་བོའི་ཕང་བར་མི་འཇོག་ཐབས་མེད་བྱུང

ཆེས་གསལ་ལ་ཆེས་ལྐོག་ཏུ་གྱུར་བའི་གནས་ལུགས་དེའི་དབང་གིས
ཁྱོད་རང་ཁེར་རྐྱང་དུ་ལུས་པའང་ཉེས་ཆད་ཅི་ལ་མིན
དེ་རིང་སྟེ བརྗེད་དུ་མི་བཏུབཔའི་ཉིན་མོ་འདིར
ང་ཁྱོད་ཀྱི་པང་དུ་འགྲེང་ནས་ཁྱོད་ལ་འདྲི་རྒྱུ་ནི
དཔའ་བོའི་གྲི་རྩེ་རྡུལ་དམར་གྱི་ཀློང་ན་འཁྱུག་པའི
བདག་གི་སྐྱ་དམག་དཔའ་རྒོད་དེ་ཚོ་གང་ན་ཡོད

འབྲི་མོའི་བཞོ་དབྱངས་སྦྲ་ནག་གི་གོང་ཁར་འཕུར་བའི
བདག་གི་ཨ་ཅེ་མཛངས་མ་དེ་ཚོ་གང་ན་ཡོད
ད་དུང བདག་གི་རྩྭ་ཐང བདག་གི་གཙང་བོ

                                    གསུམ་པ། མུ་གེ་ཐང་གི་སྤྱང་ཀི

རྐང་སྣུམ་མེད་པའི་རྒན་པོ་ཞིག་ཉི་མར་ལྡེ་བའམ
གཉིད་ཀྱིས་བཀུག་པའི་བྱིས་པ་ཞིག་ལྟ་བུའི
ད་དུང་དཔོན་པོ་རྒྱུ་རྔམ་ཅན་ཞིག་གི་གྲིབ་མ་ལྟ་བུའི
ནག་རོག་རོག་གམ སྐྱ་གག་གག་གི་སྲོག་ལྡན་དེ་ནི
བྱ་རྒོད་ཀྱི་རོགས་རམ་ཐོབ་མ་མྱོང་བའི
མུ་གེ་ཐང་གི་སྤྱང་ཀིའོ

ནོག་མེད་པའི་རྔ་མོང་ལོ་ལོན་དེས
བྱེ་རླུང་གི་དྲག་རྩུབ་དང་བྱེ་སྒང་གི་འཕོ་འགྱུར
གསར་འགྱུར་གྱི་ཚུལ་དུ་བསྒྲགས་ནའང
ཁྱོད་ཀྱི་སུ་ཡང་རང་ལ་རློམ་མི་རུང་བའི་འདོད་བློ་དེས
ཁྱོད་ཀྱི་གཞན་ལ་རློམ་འདོད་ཀྱི་ཀུན་སློང་བཅོམ་སོང

རྫ་རྩྭ་དང་རྫ་ཆུའི་ངར་ཤུགས་ཀྱི་དབང་གིས
མིག་འོད་དང་ཧུར་སྒྲས་རི་ལུང་འགེངས་པའི་འབྲོང་རྒོད་ཅིག
སྟབས་མ་ལེགས་པར་གཡང་ལ་ལྷུང་བའི་ཚུལ་མཐོང་བའི་རྒོད་པོ་དེ
མུ་གེ་ཐང་གི་མཁའ་དབྱིངས་བརྒྱུད་ནས་བུད་མ་སོང་ཚེ
མུ་གེ་ཐང་གི་སྤྱང་ཀི་ནི་སྔར་བཞིན་མུ་གེ་ཐང་གི་སྤྱང་ཀིའོ

                             བཞི་བ། མུ་གེ་ཐང་གི་རྩངས་པ།
མུ་མེད་པའི་བྱང་ཐང་དང་བྱེ་སྒང་སྣ་ཚོགས
རང་ཉིད་ཀྱི་ཆེས་མཐོ་བའི་མངའ་ཐང་དུ་བསམས་ནས
བྱེ་རླུང་གི་དྲག་རྩུབ་ལའང་བསམ་བློ་བཏང་མ་མྱོང

མུ་གེ་ཐང་གི་རྩངས་པ་ཚོས
ཁ་ཟས་འཚོལ་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་གཙོ་བོར་བྱེད་དེ
ཁོ་ཚོས་དཀའ་སྡུག་དང་ངལ་དུབ་རིང་དུ་སྤངས་ནས
མིག་གིས་མཐོང་ཚད་ན་ཡོད་པའི་རྡེའུའི་ཚོགས་ཀྱང
རང་ཉིད་ཀྱི་ཁ་ཟས་ཡིན་མིན་རྩད་ཞིབ་བགྱིད་ཅིང
བདག་གི་གྲོགས་པོས་ཀུ་རེའི་ཚུལ་དུ
བྱེ་ངོས་སུ་འགྲིལ་བའི་རིལ་མ་དེ་ཡང
མུ་གེ་ཐང་གི་རྩངས་པ་ཚོས
ལུས་སྲོག་འབེན་དུ་བཙུགས་ནས་བདའ་ཞིང་འདེད

མུ་གེ་ཐང་གི་རྩངས་པ་ཚོ
མཚམས་མཚམས་སུ་རྒན་པོ་བསམ་ཤེས་ཤིག་དང་འདྲ་ལ
ལན་ལན་རེར་བྱིས་པ་བསམ་མེད་ཅིག་དང་ཡང་འདྲ

ལྟོས་དང ལྟོས་དང
ཕ་གི་ན་རྩངས་པ་ཆུང་ཆུང་ཞིག་གིས་རིལ་མ་བདའ་གིན་འདུག
དེ་ཡི་ཉེ་ལོགས་ན་ཐང་ཆད་པའི་རྩངས་པ་རྒན་པ་ཞིག་ཉི་མར་ལྡེ་འདུག

                                        ལྔ་བ། མུ་གེ་ཐང་གི་ཚོར་འདུ།
མགོ་བོ་བཏེགས་ཤིང་ལག་ཟུང་བརྐྱངས་ནས
ཀི་རིང་ཞིག་ཤུགས་ཀྱིས་འདེབས་འདོད་པའམ
གཞོན་ནུ་མའི་ཁ་རླངས་ཕོག་མ་མྱོང་བའི་བྲང་གཞུང་འདི་ཡང
ཁྱོད་ཀྱི་རིལ་བོ་དེར་ཀུན་ནས་སྦྱོར་འདོད

སྔོན་ཆད་ཀྱི་སྔོན་ཆད་ཅིག་ལ
རྔ་མོང་དང་འགྲོགས་པའི་ཚོང་བ་དེ་ཚོ
མེ་མདའ་དང་འདྲིས་པའི་འབྲོག་པ་དེ་ཚོ
ཁྱོད་ཀྱི་ཕང་བར་ངལ་བས་གཙེས་མྱོང་ཟེར་བ
ལོ་རྒྱུས་མ་ཡིན་པའི་གཏམ་རྒྱུད་ཡིན་ནམ

སྔོན་ཆད་ཀྱི་སྔོན་ཆད་ཅིག་ལ
དཔུང་ཁག་ཅིག་གི་རུ་མཚོན་བསྒྲེངས་མྱོང་བའི་གནས་འདིར
དེ་རིང་ངས་མཐོང་བ་ནི
འགྲོ་རོགས་མེད་པའི་སྤྱང་ཀི་ཞིག་དང
འགྲན་རྩོད་ཀྱི་འདུ་ཤེས་མེད་པའི་རྩངས་པ་འགའ་རེད

མུ་མེད་པའི་བྱེ་ཐང་ཆེན་མོ་ཨང
སྐོམ་གདུང་གིས་གཟིར་བའི་ང་དང་ངའི་གྲོགས་པོ་ཚོ
ཆུ་དང་བྲལ་བའི་ཉ་མོ་ཇི་བཞིན
ཁྱོད་ཀྱི་ཕང་བར་དབུགས་ཀྱི་རྒྱུ་བ་འགག་ལ་ཉེ་དུས
བསིལ་ཆུ་ཕོར་བ་གང་གི་རོགས་རམ་ཡང་མེད་པ་ཅི་རེད
ད་ལྟ ངས་ཁྱོད་རང་རྒས་འཁོགས་ཀྱི་སྡོང་བོ་ཞིག་གམ
བྱེ་མས་ཁེངས་པའི་གྲམ་པ་ཞིག་རེད་ཅེས་སྨྲ་འདོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུ་གེ་ཐང་གི་ཟིན་ཐོ།

2009-01-11 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།