བར་དོ་ནས་ཕྱིར་བལྟས་བྱས་ན།

          ----ཡང་ན་མི་རབས་བཞི་བ་ཞིག་གི་རོ་ལངས།

སྤྲིན་ནག་འཁྲིགས་ནས་ཆར་བ་ཤག་ཤག་ངང་བདག་གི་སྐྲ་ལོ་བརླན
རྣམ་ཤེས་དེ་རི་སྒང་ན་འཕུར་བའི་ཕྱེ་མ་ལེབ་བཞིན་འཕུར་མཚམས་བཞག
གོ་ལའི་གས་སྲུབས་ན་སྲིན་འབུ་འགའ་འཚང་ཁ་ལ་རོལ་ཀྱང
དྲོ་གྲང་མ་སྙོམས་པའི་ཉི་འོད་ནི་མདང་དགོང་གི་རྨི་ལམ་དང་འདྲ་བར་ཤར
ཨ་རག་དང་མཚན་མོའི་ངོ་གདོང་ནི་ནམ་མཁའ་ཇི་བཞིན
ཁོད་ཡངས་སུ་གནས་ཀྱང་དེ་རུ་རྡུལ་ཕྲན་འཚུབ་འཚུབ་ཀྱི་འདུ་འགོད་མང
སྐབས་དེར སྦྲ་ནག་གི་སྒོ་ཁ་ན་ཕྱི་ལྭ་ཅན་མ
ཨ་ཕྱི་སུ་ཞིག་གི་ལག་ཟུང་ལ་འཇུས་ནས་རང་ཉིད་འཆར་བའི་མེ་ལོང་དོར
ལུག་རྫི་གླུ་བ་དེ་ཡང་དར་ལྕོག་ཟད་པོ་ཞིག་ལྟར་རླུང་བུས་བསྐྱོད་དུས
སྤྱང་ཀི་ཀི་སྒྲ་དང་བྲག་ཅ་དེས་རྒྱང་ཕུད་གཏོང་མ་ཐུབ་པར
སྙིང་ཆུང་དམར་བོ་ལྷོག་ལྷོག་ལྡང་བའི་ལུ་གུ་གཅིག་རྗེས་གཉིས་མཐུད་དུ་བསད
འོན་ཀྱང ཡིག་འབྲུའི་གསེབ་ཀྱི་ནད་ཡམས་ཤིག་གང་སར་འཁྱམ་ཡོད་པས
བདག་གི་གཅེས་ཕྲུག་ཚོ་གཅེར་བུའི་ངང་འདུར་རྒྱུགས་བྱེད་ཀྱིན་ཡོད་པ་དྲན་ཚེ
བུ་ག་སོ་སོར་སྐྱག་པ་བྱུགས་པའི་ཐབས་ལམ་རྙིང་བ་དེ་ཡང་དྲན་བྱུང
སྟོན་མཇུག་གི་ལོ་མ་འགའ་ཕྱོགས་སོ་སོའི་གླིང་ཕྲན་ལ་ཆས་ཀྱང
དབྱངས་ཅན་ལྷ་མོའི་ངོ་གདོང་སྔར་བཞིན་སྐོམ་གདུང་དང་བཅས
དོ་ནུབ་ཀྱི་མཆོད་མེ་ཟད་པོ་དེའི་ཉེ་འགྲམ་ན་མེ་ལྕེབས་ཞིག་དང་འདྲ
རོལ་དབྱངས་མེ་སྟག་མཆེད་མཆེད་དང་སྐར་མདའ་ཡལ་ཡལ
མཚམས་མཚམས་སུ་རྣ་བའི་སྒོ་མོ་རུ་ཐོན་སྲིད་ལ
ཆེས་མཐའ་མའི་ཁ་ཆེམས་ཞིག་ཀྱང་རྦ་རླབས་ཀྱི་ཀློང་ལ་ཐིམ
ས་རུབ་ལ་ཉེ་བས་བདག་གིས་བདག་ལ་རྨི་ལམ་ཞིག་ཐོ་འགོད་བྱེད་པར་བསམ་ནས་བསྡད
ཆང་དང་དུ་བ་རྔུབ་མི་ཤེས་པའི་ཁྱོད་རང་ནི
ཀོ་གྲུ་ཆུང་ཆུང་འདིར་བསྡད་ནས་ཡང་བསྐྱར་རྒྱ་མཚོའི་རྦ་རླབས་སུ་འགྲོ་དགོས་བྱུང་ལ
བཙའ་ཆགས་པའི་རལ་གྲི་ད་ནི་ཆག་ལ་ཉེ་བས་མི་འདོར་ག་མེད་རེད
གཙང་བོ་བྲི་བ་ལ་བལྟས་ན་ཆུ་མིག་བརྡོལ་བ་ཡང 
<< མི་དགེ་མེ་ཏོག>>རྙིད་སོང་རུལ་སོང
<<ལང་ཚོའི་རྦབ་ཆུ>>སྐམ་སོང་ཐག་སོང
ངས་རང་ཉིད་ཀྱི་ཀླད་པ་གཤག་ནས་སྙན་ངག་གི་ཁུ་བ་ལྡུད
ངས་སློང་མོ་བའི་སྨྲ་ལྕེ་དང་ལག་ཟུང་གཡར་ནས་ཁྱོད་ཚོར་ཕྱིར་བལྟས་བྱེད
འབྲོང་རྒོད་ཞིག་གི་རྭ་རྩེ་མིན་རྒྱུ་ན
འབྲི་མོ་ཞིག་གི་འོ་མ་མིན་རྒྱུ་ན
གངས་རིན་པོ་ཆེའི་མིག་ཆུ་ཆེས་རྒྱུན་ལྡན་ངང་མར་ལྷུང་འགྲོ
(དུས་དེ་ནས་མི་ཡུལ་ལ་ཁ་བ་ཕབ་མཁན་སུ
མི་ཡུལ་ལ་རླུང་བུ་ཕབ་མཁན་སུ )
བདག་གི་དེ་རིང་དང་སང་ཉིན་གྱོན་ནས་མཛའ་གཞས་ཤིག་གྱེར་འདོད་ནི
མདའ་གཞི་ཅན་གྱི་རྔོན་པ་སུ་ཞིག་གིས་ངེད་གཉིས་ཀྱི་སྙིང་ཁ་ལ་ནོར་རྟགས་བརྒྱབ
མིག་ལམ་ན་སྔོ་ལྡེམ་ལྡེམ་གྱི་མཚོ་མོ་ལྗང་གུ་དེ་དང
འཆི་བདག་ལ་བྲིས་པའི་འགག་འཕྲེང་གི་ལམ་ཡིག་ཐམ་ག་ཅན་དེ
གལ་ཏེ་དམྱལ་བ་ནི་ཚན་རིག་པས་དཔྱད་པའི་ཁྲོན་ཆུ་ཞིག་རེད་འདོད་སྐབས
ཆུང་མ་དང་བུ་ཕྲུག་ཚོར་དགོངས་ཞུའི་ཡི་གེ་ཞིག་བྲིས་ནས
ཁྱོད་ཀྱི་མཆོག་མཆན་ཐོབ་པར་རེ་སྒུག་བྱས་པ་བདེན་ནམ
ཨེ་མ ང་ཡི་རོ་ཡང་ན་མི་རབས་བཞི་བ
                          ༢༠༠༨ ༥ ༡༢ཉིན་གཙོས་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་དོ་ནས་ཕྱིར་བལྟས་བྱས་ན།

2009-01-11 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།