འཇིག་རྟེན་གྱི་ངོ་བོ།

ཚོད་ཚོད་ལ་ཐ་མག་རྐང་གཅིག་འཐེན་པའི་དུ་བས

ཕྱི་དྲོའི་རླུང་འཚུབ་དང་སྲོད་ཁའི་ཁ་བ་བསུས་འོང་བ་འདྲ་སྟེ

ཁ་སང་གི་གོས་ལྭ་ལྟ་བུའི་སྤང་ཐང་ནི

དྲ་མའི་ངོས་ཀྱི་རླངས་པ་བཞིན་ཡལ་སོང

སྣུམ་ཚོན་རི་མོའི་ངོས་ཀྱི་བག་མ་དེའང

སྡིགས་མཛུམ་ཀེར་བའི་ཨ་ནེ་ཞིག་ཏུ་གྱུར་འདུག་ཅིང

ལ་གཞས་ཐེན་ནས་མགོ་བོ་གཡོག་ལ

གཏམ་རྒྱུད་བཤད་ནས་གློ་མཆིན་རྐུ་བའི་ཁྲམ་པ་དག་ཀྱང

གཅིར་ཚར་བའི་ཤིག་རྙིད་རེ་དང་འདྲ་བར

སྐམ་ཟིན་པའི་ཁྲག་ཐིགས་རེ་རེར་གྱུར་འདུག

ཡིན་ནའང་དེ་དག་གིས་ངས་རྩ་ཆེ་བའི་ཚི་ལེན་དཀར་བོ་ཡོངས་སུ་བརླག་འདུག

དེའི་ཕྱིར་ཁྲོམ་གྲལ་ནས་གཏམ་ཞིག་འཆད་དགོས་པའི་དུས་ལ་བསླེབ་ཚེ

ངས་ཚི་ལེན་ནག་པོ་ཞིག་གྱོན་ནས

ཚི་ལེན་དཀར་བོ་ཞིག་གྱོན་མ་མྱོང་ཚུལ་བཤད་ངེས

སྒྱུ་མ་མཁན་གྱི་ཞྭ་མོའི་ནང་གི་ལག་ཕྱིས་དཀར་བོ་དེས

གློ་བུར་གློ་བུར་ཏུ་ཕུག་རོན་དཀར་མོ་དག་ལ་སྤྲུལ་ཏེ

ཟློས་གར་ཁང་ཆེན་ནས་གཤོག་འགྱུར་ངོམ་པ་ཇི་བཞིན

རང་ཅག་གིས་ཀྱང་སྐད་ཅིག་མ་རེ་རེའི་ནང་ལ

ཁ་དོག་དག་དབྱིབས་སུ་བསྒྱུར་ནས

མིག་ཆུ་དག་དགོད་སྒྲ་རུ་བསྒྱུར་ནས

གད་སྙིགས་དག་རྡོ་རྗེ་ཕ་ལམ་དུ་བསྒྱུར་ནས

ཁུ་ཁྲག་ཀྱང་སྙིང་རྗེ་ཆེན་པོར་བསྒྱུར་ནས

མི་ཚེའི་སྒྲོམ་བུ་ཆུང་ཆུང་འདི

དངོས་པོ་མང་པོས་དགང་བཞིན་པ་མིན་ནམ

འོན་ཀྱང་ཞིབ་ཏུ་བསམ་ན

དེ་དག་ཡོད་ཚད་འདོད་ལྡན་ཞིག་གི་སྤར་མོའི་སྲུབས་ཀ་ནས་ཟགས་པའི

ས་རྡུལ་དང་བྱེ་མ་ལས་མ་འདས

                      2009/2/26

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།