མདོ་འཛིན་པ་ལྷ་མོ།
ཟི་ལིང་མཁར་གྱི་ལྷ་མོ
ཐག་ཉེ་ཡིན་ཡང ཐག་རིང་ནས་མཇལ་བྱུང
ལྷ་མོ་སྐྱེས་ས ཨ་མ་བཞུགས་སའི་ཙོང་ཁའི་འདབས་རོལ་ཡིན་མོད
ལྷ་མོ་མཐོང་ས གནང་ཚང་གཡར་མའི་ཁང་མིག་གྲུ་བཞི་ཡིན
ས་མཐའི་སེམས་ཀྱི་ལྷ་མོ
གནའ་མཁར་གྲོང་གི་ཙན་ཏན་ལོ་མ་རེད
དྲི་བསུང་དང་དེ་ལ་བརྒྱུས་པའི་རླུང་གི་ཁུགས་པ་ཡོད་ཚད
བརྙན་འཕྲིན་གྲུ་བཞིའི་ཤེལ་ངོས་ནས་མཐོང་བྱུང
མཐའ་བཞི་ནག་པོའི་བརྙན་འཕྲིན
ལྷ་མོ་ཤར་ས་ཡིན་པས
ངའི་བློ་མིག་གི་དུངས་པ་ཡོད་ཚད
གློག་ཤུགས་ཀྱི་བྲན་གཡོག་ན
ལྷ་མོ་དང་ལྷ་མོ་འཚོ་སར་འཚང་བར་བྱེད
ཙོང་ཁའི་ཡུལ་གྱི་ལྷ་མོར
བརྙན་འཕྲིན་གྲུ་བཞིར་ལག་པས་རེག
ལག་པ་སྔར་བཞིན གློག་དང་ཤེལ་གྱིས་བཀག་པས
ང་དང་ལྷ་མོ ཁྲག་གི་མཆི་མས་སྦྲེལ
གངས་རིའི་ཁྲོད་ཀྱི་ལྷ་མོ
བྱང་ནས་དྲན་ལ་ནུབ་ནས་ཀྱང་དྲན
མེ་ཏོག་གི་ལྷ་མོ རྣམ་ཤེས་ཀྱིས་དྲན
ང་དང་ལྷ་མོའི་ལས་དབང
༢༠༠༩། ༢། ༩། ཉིན་ཧྥ་རིན་སི་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།