གངས་རིའི་རིང་ལུགས་གངས་ལྗོངས་ཆོས།

རིན་སྤུངས་ཚུར་བསྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-06


གངས་རིའི་རིང་ལུགས་གངས་ལྗོངས་ཆོས།།
གངས་དཀར་ལས་ཀྱང་ལྷག་པ་ཡི།།
གངས་ཅན་པ་ཡི་འོད་མདངས་ཆེ།།
གངས་རིའི་རྒྱུན་ལས་ཡོངས་སུ་འཕྲོ།།
རིགས་མཐུན་ལས་དབང་གཅིག་པ་ཡིས།།
རིགས་རུས་འདྲེས་པའི་བོད་པ་བ།།
རིགས་ལུང་རྣམ་དག་ལས་འོངས་པའི།།
རིགས་པའི་ངར་སྐད་རྒྱུན་བཟང་འབར།།
བོད་སོགས་འཛམ་གླིང་རྩེ་མོ་ཡི།།
བོད་ཀྱི་གངས་རི་གཟི་མདངས་འོད།།
བོད་ཡུལ་ཁམས་ཀུན་ཡོངས་ཁྱབ་པའི།།
བོད་ཀྱི་རིག་གནས་ཁྱད་དུ་འཕགས།།
ཆོས་ཀྱི་ཆུ་གཏེར་རྒྱ་མཚོ་ལས།།
ཆོས་སྙིང་བསྟན་པའི་མཛོད་འཛིན་པའི།།
ཆོས་གྲོགས་ལས་མཐུན་མཐུན་སྒྲིལ་ལས།།
ཆོས་རྒྱུན་གང་གཱའི་ཀླུང་དབང་འཁྱིལ།།
མི་རིགས་སྣ་ཚོགས་ཡིད་ཀྱི་དབང༌།།
མི་དབང་འགུགས་པའི་གཅེས་པའི་ནོར།།
མི་རིགས་ཀུན་ལས་འཕགས་པ་ཡི།།
མི་ཆོས་སྣ་འཛོམས་གངས་ལྗོངས་མཛེས།།
རྣམ་མང་འོད་སྟོང་རབ་འབར་བའི།།
རྣམ་དཀར་དགེ་བའི་ལས་དབང་གིས།།
རྣམ་སྨིན་ལས་ཀྱིས་ལེགས་འཕང་པའི།།
རྣམ་མང་དགེ་མཚན་འདི་ན་འཁྱིལ།།
བློ་གསལ་མཁས་མང་རྒྱ་མཚོ་ལས།།
བློ་གྲོས་གཏེར་གྱི་སྒོ་འབྱེད་པའི།།
བློ་ཡེངས་རྣམ་པའི་རྒྱང་དོར་ནས།།
བློ་གསལ་མཛའ་འདྲེས་དགའ་བའི་ཉམས།།
རིན་ནས་ཉོས་པའི་དངུལ་མེད་ཞིང༌།།
སྤུངས་པའི་བློ་གྲོས་དེ་ལས་ཀྱང༌།།
ཚུར་རོལ་ཕར་རོལ་ཁྱད་མེད་པའི།།
བསྟན་ལ་དད་འདུན་ལྷག་བསམ་བརྟས།།
      ཞེས་༢༠༠༧ ༥ ༣ ཉིན་ལ་རང་ཤག་ཏུ་བྲིས་པའོ། །

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རིའི་རིང་ལུགས་གངས་ལྗོངས་ཆོས།

2009-04-06 རིན་སྤུངས་ཚུར་བསྟན། ཀློག་གྲངས། མཆན ཡོད།


གངས་རིའི་རིང་ལུགས་གངས་ལྗོངས་ཆོས།།
གངས་དཀར་ལས་ཀྱང་ལྷག་པ་ཡི།།
གངས་ཅན་པ་ཡི་འོད་མདངས་ཆེ།།
གངས་རིའི་རྒྱུན་ལས་ཡོངས་སུ་འཕྲོ།།
རིགས་མཐུན་ལས་དབང་གཅིག་པ་ཡིས།།
རིགས་རུས་འདྲེས་པའི་བོད་པ་བ།།
རིགས་ལུང་རྣམ་དག་ལས་འོངས་པའི།།
རིགས་པའི་ངར་སྐད་རྒྱུན་བཟང་འབར།།
བོད་སོགས་འཛམ་གླིང་རྩེ་མོ་ཡི།།
བོད་ཀྱི་གངས་རི་གཟི་མདངས་འོད།།
བོད་ཡུལ་ཁམས་ཀུན་ཡོངས་ཁྱབ་པའི།།
བོད་ཀྱི་རིག་གནས་ཁྱད་དུ་འཕགས།།
ཆོས་ཀྱི་ཆུ་གཏེར་རྒྱ་མཚོ་ལས།།
ཆོས་སྙིང་བསྟན་པའི་མཛོད་འཛིན་པའི།།
ཆོས་གྲོགས་ལས་མཐུན་མཐུན་སྒྲིལ་ལས།།
ཆོས་རྒྱུན་གང་གཱའི་ཀླུང་དབང་འཁྱིལ།།
མི་རིགས་སྣ་ཚོགས་ཡིད་ཀྱི་དབང༌།།
མི་དབང་འགུགས་པའི་གཅེས་པའི་ནོར།།
མི་རིགས་ཀུན་ལས་འཕགས་པ་ཡི།།
མི་ཆོས་སྣ་འཛོམས་གངས་ལྗོངས་མཛེས།།
རྣམ་མང་འོད་སྟོང་རབ་འབར་བའི།།
རྣམ་དཀར་དགེ་བའི་ལས་དབང་གིས།།
རྣམ་སྨིན་ལས་ཀྱིས་ལེགས་འཕང་པའི།།
རྣམ་མང་དགེ་མཚན་འདི་ན་འཁྱིལ།།
བློ་གསལ་མཁས་མང་རྒྱ་མཚོ་ལས།།
བློ་གྲོས་གཏེར་གྱི་སྒོ་འབྱེད་པའི།།
བློ་ཡེངས་རྣམ་པའི་རྒྱང་དོར་ནས།།
བློ་གསལ་མཛའ་འདྲེས་དགའ་བའི་ཉམས།།
རིན་ནས་ཉོས་པའི་དངུལ་མེད་ཞིང༌།།
སྤུངས་པའི་བློ་གྲོས་དེ་ལས་ཀྱང༌།།
ཚུར་རོལ་ཕར་རོལ་ཁྱད་མེད་པའི།།
བསྟན་ལ་དད་འདུན་ལྷག་བསམ་བརྟས།།
      ཞེས་༢༠༠༧ ༥ ༣ ཉིན་ལ་རང་ཤག་ཏུ་བྲིས་པའོ། །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།