ཟླ་བ་ལྷ་མོ། ཟླ་བ་བུ་མོ།
ཟླ་བ་བུ་མོའི་སྒེག་ཉམས་ཁྲོད་ནས།།
ཐོག་མའི་ཞལ་མཇལ་བརྩེ་བའི་གནང་ཡང༌།
བར་དུ་མི་ཁའི་བུ་ཡུག་འཚུབ་པས།།
སེམས་པའི་ངོ་བོ་གཞན་ལ་བསྒྱུར་སོང༌།
བརྩེ་སེམས་འཕྲེང་བའི་ཞགས་ཐག་ཕྲ་མོས།།
ལུས་ཀྱི་རྟེན་འདི་དམ་དུ་བཅིངས་ཡང༌།
སྔོན་སྨོན་འཁོར་བའི་འབྱུང་རྐྱེན་ཞིག་གིས།།
ལུས་སེམས་མཐུན་པའི་འབྲེལ་ཐག་ཆད་སོང༌།
ལྷ་ལུས་ལྟ་བུའི་མཛེས་པ་མེད་ཀྱང༌།།
དུང་བ་ཟབ་མོའི་བརྩེ་ཞལ་ངོམས་ཡོད།།
རི་ཆུ་སྟོང་གི་ཕ་མཐའ་འདི་ནས།།
དྲན་པའི་སྣང་བར་འགོག་ཐབས་མི་འདུག།
ཟླ་གཞོན་འཛུམ་པའི་ཞལ་རས་མཐོང་བས།།
སྙིང་གཏམ་མཚོ་མོའི་རླབས་ཕྲེང་འཕྱུར་ཡོང༌།
དུས་ཀྱི་འགྱུར་བ་རིམ་གྱིས་བགྲོད་ཚེ།།
དྲན་པའི་འཆར་ཡན་ཙམ་ལས་མ་འདས།།
རྩོམ་ཁུངས། ངེད་དྲ་བ།